མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སུས་དབུ་ཁེ་ལན་གྱིས་བྱང་ཆིངས་སྒྲིག་འཛུགས་ནང་མི་ཞུགས་རྒྱུའི་རེ་བ་བྱེད་པ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-20 10:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་19ཉིན་ཨུ་རུ་སུའི་ཙུང་ཐུང་གི་མགྲིན་ཚབ་པ་ཕེ་སེ་ཁེ་ཕུས་ཨུ་རུ་སུས་དབུ་ཁེ་ལན་གྱིས་བྱང་ཆིངས་སྒྲིག་འཛུགས་ནང་ཞུགས་རྒྱུའི་བསམ་གཞིག་མི་བྱེད་པའི་རེ་བ་བྱེད་ཀྱི་ཡོད། བྱང་ཆིངས་སྒྲིག་འཛུགས་ནི་དམག་དོན་མཉམ་འབྲེལ་སྒྲིག་འཛུགས་ཤིག་ཡིན། གལ་ཏེ་དབུ་ཁེ་ལན་གྱིས་བྱང་ཆིངས་སྒྲིག་འཛུགས་ནང་ཞུགས་ཚེ་བྱང་ཆིངས་སྒྲིག་འཛུགས་དེ་ཨུ་རུ་སུའི་མཐའ་མཚམས་དང་བར་ཐག་ཉེ་རུ་འགྲོ་བ་དང་། ཡོ་རོབ་གླིང་གི་བདེ་འཇགས་གནས་བབ་ལ་འགྱུར་བ་ཕྱིན་ནས་ཨུ་རུ་སུར་ཉེན་ཁ་ཆེན་པོ་བཟོ་སྲིད། ཨུ་རུ་སུས་རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་བྱེད་ཆེད་བྱ་ཐབས་མི་བཟུང་ཀ་མེད་ཆགས་སྲིད་ཅེས་གསུངས་འདུག

ཕེ་སེ་ཁེ་ཕུས་ཨུ་རུ་སུས་དབུ་ཁེ་ལན་ལ་བཙན་འཛུལ་བྱེད་རྩིས་མེད། ཨུ་རུ་སུས་དབུ་ཁེ་ལན་དང་ཨུ་རུ་སུའི་མཐའ་མཚམས་སུ་དམག་དོན་བཀོད་སྒྲིག་བྱས་པ་དེ་ནི་དམིགས་བསལ་གྱི་བྱ་ཐབས་མིན། ཨུ་རུ་སུ་ནི་དབུ་ཁེ་ལན་བརྟན་ལྷིང་དང་དར་རྒྱས་ཡོང་བའི་རེ་བ་ཆེ་ཤོས་བྱེད་མཁན་ཞིག་ཡིན་ཞེས་གསུངས་འདུག འོན་ཀྱང་ཁོང་གིས་ཨུ་རུ་སུས་དབུ་ཁེ་ལན་ཤར་རྒྱུད་ཀྱི་གནས་བབ་འགྱུར་བར་དམིགས་ནས་བྱ་སྤྱོད་འཆར་གཞི་མང་པོ་བཟོས་ཡོད་ཅེས་དང་། ཁོང་གིས་དབུ་ཁེ་ལན་གྱི་གནས་བབ་ཛ་དྲག་པོ་ཆགས་པའི་རྒྱུ་མཚན་ནི་དབུ་ཁེ་ལན་ཤར་རྒྱུད་ཀྱི་ཡུལ་མིས་ཅིའི་ཕུའི་སྲིད་དབང་ལ་ཡིད་ཆེས་མེད་པ་ཆགས་པ་དེ་ཡིན། དབུ་ཁེ་ལན་གྱི་གནད་དོན་ཐག་གཅོད་བྱེད་དགོས་ན་ཐོག་མར་དབུ་ཁེ་ལན་བ་རང་ཉིད་ལ་རག་ལས་ཡོད་པ་ལས། ཨ་རི་དང་། ཨུ་རུ་སུ། ཡང་ན་ཡོ་རོབ་མནའ་འབྲེལ་ལ་རགས་ལས་མེད་ཅེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག