མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རན་གྱི་ཨ་ལ་ཁེའི་ལྗིད་ཆུའི་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་ལ་དམིགས་པའི་རྩོད་གཞི་གཞི་རྩའི་ཆ་ནས་ཐག་གཅོད་བྱས་ཟིན་པ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-20 10:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་19ཉིན་དབྱི་རན་རྡུལ་ཕྲན་ནུས་པའི་སྒྲིག་འཛུགས་ཀྱི་ཀྲུའུ་ཞི་ས་ལི་ཤིས་དབྱི་རན་གྱི་ཨ་ལ་ཁེའི་ལྗིད་ཆུའི་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་ལ་དམིགས་པའི་རྩོད་གཞི་གཞི་རྩའི་ཆ་ནས་ཐག་གཅོད་བྱས་ཟིན་ཡོད། དབྱི་རན་གྱིས་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་དེར་བསྒྱུར་བཅོས་བྱས་ནས་པུག་རྒྱུ་ཆ་ཐོན་སྐྱེས་བྱེད་ཚད་ཉུང་དུ་གཏོང་གི་ཡིན་ཞེས་གསུངས་འདུག

ས་ལི་ཤིས་དབྱི་རན་གྱིས་ཨ་ལ་ཁེའི་ལྗིད་ཆུའི་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་ལ་བསྒྱུར་བཅོས་བྱེད་དགོས་པའི་གྲོས་འགོ་བཏོན་པ་དང་། དབྱི་རན་རྡུག་གནདན་དོན་སྐོར་གྱི་རྒྱལ་ཁབ་དྲུག་སྟེ་ཨ་རི་དང་། དབྱིན་ཇི། ཧྥ་རན་སི། ཨུ་རུ་སུ། ཀྲུང་གོ འཇར་མན་བཅས་ཀྱིས་གྲོས་འགོ་དེ་དང་ལེན་བྱས་ཡོད་ཅེས་དང་། ཁོང་གིས་ད་དུང་བསྒྱུར་བཅོས་བྱས་རྗེས་ཨ་ལ་ཁེའི་ལྗིད་ཆུའི་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་ཀྱི་པུག་རྒྱུ་ཆ་ཐོན་སྐྱེས་བྱེད་ཚད་བརྒྱ་ཆ་བརྒྱད་བཅུ་ཙམ་ཉུང་དུ་འགྲོ་གི་ཡོད་ཅེས་གསུངས་འདུག

གཞན་ཡང་དབྱི་རན་གྱིས་དག་ཚད་བརྒྱ་ཆ་ཉི་ཤུ་ཟིན་པའི་སྙིང་བསྡུས་ཡིའུ་རྒྱུ་ཆ་སྤྱི་རྒྱ་103དག་ཚད་བརྒྱ་ཆ་ལྔ་ཟིན་པའི་སྙིང་བསྡུས་ཡིའུ་རྒྱུ་ཆར་སླ་རུ་བཏང་བ་དང་། སྤྱི་ཚེས་12བར་སླེབས་དུས་དབྱི་རན་གྱིས་གཞི་རྩའི་ཆ་ནས་སྙིང་བསྡུས་ཡིའུ་རྒྱུ་ཆ་སླ་རུ་གཏོང་བའི་ལས་དོན་ལེགས་གྲུབ་བྱས་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག