མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་འཁྲུག་རྩོད་བྱུང་སྟེ་མི་སྣར་ཤི་རྨས་དོན་རྐྱེན་བཟོས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-21 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་ནང་སྲིད་པུའུ་ཏོན་ནེ་ཚི་ཁི་ཀྲིག་གི་སྤྱི་ཁྱབ་ཅུའུ་ཡིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། ཀྲིག་དེའི་སི་ལཱ་ཝེ་དབྱང་སི་ཁི་གྲོང་ཁྱེར་ཉེ་འདབས་ནས་འཁྲུག་རྩོད་དོན་རྐྱེན་བྱུང་སྟེ། ཏོན་ནེ་ཚི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་པའི་མི་གསུམ་བསད་པ་དང་། གཞན་ཡང་མི་གསུམ་ལ་རྨས་ཕོག མིག་སྔར་འཇབ་རྒོལ་སྤེལ་མཁན་ཕྱོགས་ཀྱི་ཤི་རྨས་གནས་ཚུལ་གསལ་བོར་མི་ཤེས་ཟེར།

ཏོན་ནེ་ཚི་ཁི་ཀྲིག་གི་ནང་སྲིད་སྤྱི་ཁྱབ་ཅུའུ་ཡིས་བསྟན་དོན། འཁྲུག་རྩོད་དོན་རྐྱེན་དེ་ཚེས་ཉི་ཤུ་ཉིན་གྱི་ཞོགས་པའི་དུས་ཚོད་གཉིས་དང་སྐར་མ་ཉི་ཤུའི་སྟེང་བྱུང་བ་དང་། ཐོབ་ཐང་གསལ་བོར་མི་ཤེས་པའི་མི་སྐོར་ཞིག་རླངས་འཁོར་བཞི་ལ་བསྡད་དེ་སི་ལཱ་ཝེ་དབྱང་སི་ཁི་གྲོང་ཁྱེར་ཉེ་འདབས་ཀྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་གྱིས་བཙུགས་པའི་ཞིབ་བཤེར་ས་ཚིགས་སུ་ཐོན་ནས། ཞིབ་བཤེར་ས་ཚིགས་སྲུང་མཁན་ལ་མེ་མདས་བརྒྱབ་པ་དང་། དེའི་རྗེས་སུ་ཕྱོགས་གཉིས་བར་འཁྲུག་རྩོད་བྱུང་། ས་ཚིགས་སྲུང་མཁན་གསུམ་འཁྲུག་རྩོད་ཁྲོད་ཚེ་ལས་འདས་པ་དང་། མི་གསུམ་ལ་རྨས་ཕོག དེའི་རྗེས་སུ་འཇབ་རྒོལ་མཁན་རྣམས་རླངས་འཁོར་ལ་བསྡད་དེ་ཧཱ་ཨར་ཁི་ཧྥུའུ་ཀྲིག་གི་ཕྱོགས་སུ་སོང་བ་རེད་ཟེར།

ཝུའུ་ཁི་ལན་བདེ་འཇགས་ཅུའུ་ཡིས་ཚེས་ཉི་ཤུ་ཉིན་གསལ་བསྒྲགས་སྤེལ་ཏེ། དེ་ནི་ངོ་ཚ་མེད་པའི་དཀྲུག་འཕེན་དོན་རྐྱེན་ཞིག་ཡིན་ཟེར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉི་ཤུ་ཉིན་དོན་དེའི་ཐད་ནས་གསལ་བསྒྲགས་སྤེལ་ཏེ། ཨུ་རུ་སིའི་ཕྱོགས་དྲག་ཆས་ཉེས་ཅན་གྱི་དཀྲུག་འཕེན་བྱ་སྤྱོད་དེར་ཁོང་ཁྲོ་ཆེན་པོ་ལངས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག