མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལ་ཁ་པར་བཏང་སྟེ་ཝུའུ་ཁི་ལན་ཤར་ལྷོའི་གནས་བབ་ཐད་ནས་གྲོས་བསྡུར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-22 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་ཚེས21ཉིན་ཝུའུ་ཁི་ལན་ཤར་ལྷོའི་གནས་བབ་ཐད་ནས་ཁ་པར་གྲོས་མོལ་བྱས།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པའི་སྤྱི་བསྒྲགས་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཁ་པར་གཏོང་སྐབས་བཤད་རྒྱུར། ཅི་ཧྥུའུ་དབང་འཛིན་ལས་ཁུངས་ཀྱིས་ཐལ་སྤྱོད་མི་རིགས་རིང་ལུགས་ཉེས་ཅན་གྱི་དྲག་ཤུགས་བྱ་སྤྱོད་ལ་བཀག་འགོག་བྱེད་ཐབས་མེད་པ་དང་། བཀག་འཇུག་བྱས་ཡོད་པའི་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་ངོ་རྒོལ་མཁན་ཕྱིར་གཏོང་འདོད་མེད་པས། རི་ནེ་ཝའི་ཡིག་ཆ་ལག་བསྟར་བྱེད་པར་འཇིགས་ཉེན་ཐེབས་ཡོད་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཁི་ལེ་ཡིས་ཅི་ཧྥུའུ་དབང་འཛིན་ལས་ཁུངས་ལ་གནོན་ཤུགས་བྱིན་ཏེ། འཁྲུག་རྩོད་མཚམས་འཇོག་པ་དང་། ཅི་ཧྥུའུ་དབང་འཛིན་ལས་ཁུངས་ཀྱིས་རི་ནེ་ཝའི་ཡིག་ཆའི་ནང་དོན་ལག་བསྟར་ནན་མོ་བྱེད་པར་ཡར་སྐུལ་བྱས་ནས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

སྤྱི་བསྒྲགས་ལས་ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན་གང་མགྱོགས་ཀྱིས་ཝུའུ་ཁི་ལན་ནས་རྒྱལ་ཡོངས་གྲོས་མོལ་སྤེལ་བ་དང་། ཆབ་སྲིད་སྟོབས་ཤུགས་གཙོ་བོ་དག་དང་ཝུའུ་ཁི་ལན་གྱི་ས་ཁུལ་སོ་སོ་ཞུགས་པའི་རྩ་ཁྲིམས་བཅོས་བསྒྱུར་བྱ་བ་མགོ་རྩོམ་པར་དོན་སྙིང་གལ་ཆེན་ལྡན་པར་འདོད། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་མུ་མཐུད་དུ་འབྲེལ་འདྲིས་བྱེད་པར་འཐད་པ་བྱུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག