མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་རྫས་འགྱུར་མཚོན་ཆ་བཅུ་ཆའི་བརྒྱད་ཙམ་གནས་གཞན་དུ་བསྐྱལ་ནས་མེད་པར་བཟོས་ཟིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-22 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས21ཉིན་བཤད་རྒྱུར། སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་མ་བཅོས་རྒྱུ་ཆ་བཅུ་ཆའི་བརྒྱད་ཙམ་གནས་གཞན་དུ་བསྐྱལ་ནས་མེད་པར་བཟོས་ཡོད་ཟེར།

ཏིས་ཡཱ་ལི་ཁི་ཡིས་ཉིན་དེར་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བསྡུས་པའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་འབྲེལ་འཐུས་ཚབ་ཚོགས་པའི་དམིགས་བསལ་མཐུན་སྦྱོར་པ་ཁཱ་ཀི་ཡིས་གཟའ་མཇུག་ལ་གསལ་སྒྲོག་སྤེལ་ཏེ། རྫས་འགྱུར་མཚོན་ཆའི་མ་བཅོས་རྒྱུ་ཆ་སྐོར་ཞིག་ཚེས་བཅུ་དགུ་ཉིན་སི་རི་ཡཱའི་གྲུ་ཁར་བྲལ་བ་དང་བསྟུན་ནས། སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་མ་བཅོས་རྒྱུ་ཆ་བརྒྱ་ཆའི་བརྒྱད་ཅུ་ཙམ་གནས་གཞན་དུ་བསྐྱལ་བའམ་ས་ཁོངས་རང་ནས་མེད་པར་བཟོས་ཟིན་ཟེར། མིག་སྔའི་གནས་བབ་ལ་གཞིགས་ན། སི་རི་ཡཱ་རྒྱལ་ཁབ་ཀྱིས་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱིས་གཏན་འཁེལ་བྱས་པའི་ཆེས་མཇུག་མཐའི་དུས་ཚོད་ནང་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་བྱ་བ་ཡོངས་འགྲུབ་བྱེད་ཐུབ་ངེས་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག