མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨན་པའེ་ཅིན་སན་གྱིས་བརྒྱུད་ནས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པར་ཕྱོགས་སོ་སོས་རྒོལ་གཏམ་དྲག་པོ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-22 10:33

4月21日,日本东京市民代表手持标语走向东京地方法院。.jpg

  ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན། ཨན་པའེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱེད་པ་རྩ་ཁྲིམས་དང་འགལ་བའི་ཞུ་གཏུག་གྱོད་དོན་གྱི་ཞུ་གཏུག་མཁན་དང་ཁྲིམས་རྩོད་པའི་འཐུས་མིས་ཏུང་ཅིན་ས་གནས་ཁྲིམས་ཁང་ལ་ཞུ་གཏུག་བྱས་པ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་ཉེར་གཅིག་ཉིན་ནེ་ཀིའི་རྒྱལ་སྲིད་བློན་ཆེན་གྱི་མིང་ཐོག་ནས་ཅིན་གོ་ལྷ་ཁང་ལ་མཆོད་རྫས་ཕུལ་བ་དང་། དེ་མིན་ད་རུང་དམངས་གྲོས་ཁང་གི་གྲོས་དཔོན་དབྱེ་ཁྲོའུ་ཝུན་མེན་དང་གྲོས་ཞུགས་ཁང་གི་གྲོས་དཔོན་ཧྲན་ཡེ་ཀྲིན་ཀྲའོ་སོགས་ཀྱིས་ཀྱང་ཉིན་དེར་མཆོད་རྫས་ཕུལ། ཨན་པའེ་ཅིན་སན་གྱིས་བརྒྱུད་དེ་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པར་ཕྱོགས་སོ་སོས་རྒོལ་གཏམ་དྲག་པོ་བཏང་། རྒྱལ་ཁབ་རེ་འགའི་དཔོན་རིགས་དང་ཆེད་མཁས་པས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། གལ་ཏེ་འཇར་པན་གྱི་མགོ་ཁྲིད་པས་ལོ་རྒྱུས་ངོས་འཛིན་གསལ་བོ་མ་བྱས་ན། འཇར་པན་ཀུན་གྱིས་དམོད་པའི་གནས་སུ་ལྷུང་སྲིད་པ་དང་། འཇར་པན་གྱི་ཆབ་སྲིད་པས་རང་ཚོད་ཐུབ་པར་བྱས་ཏེ་ཉེ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་དག་ལ་ཡང་བསྐྱར་དཀྲུག་འཕེན་བྱེད་མི་རུང་བའི་སྐུལ་མ་བཏང་།

   ཚེས་ཉེར་གཅིག་ཉིན། འཇར་པན་གྱི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་དམག་མིའི་ཁྱིམ་མི་དང་གྲོང་ཁྱེར་སྡོད་དམངས་ཉིས་བརྒྱ་དང་དོན་གསུམ་གྱིས། ཨན་པའེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱེད་པ་དེ་འཇར་པན་གྱི་རྩ་ཁྲིམས་ཀྱི་ཆབ་སྲིད་དང་ཆོས་ལུགས་ཁ་ཁར་བྱེད་པའི་རྩ་དོན་དང་འགལ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ། ཨན་པའེ་ཅིན་སན་དང་ཅིན་གོ་ལྷ་ཁང་། འཇར་པན་སྲིད་གཞུང་བཅས་མཉམ་གཅིག་ཏུ་ཏུང་ཅིན་ས་གནས་ཁྲིམས་ཁང་ལ་ཞུ་གཏུག་བྱས་པ་དང་། ཁྲིམས་ཁང་གིས་ཨན་པའེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱེད་པ་འཇར་པན་གྱི་རྩ་ཁྲིམས་དང་འགལ་ཡོད་པ་ཁས་ལེན་བྱས་ཤིང་། ཨན་པའེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་མཚམས་འཇོག་དགོས་བཀའ་རྒྱ་གཏོང་དགོས་པར་མ་ཟད། ཞུ་གཏུག་མཁན་རེ་རེར་འཇར་སྒོར་ཁྲི་གཅིག་རེའི་སྐྱིན་ཚབས་སྤྲོད་དགོས་པའི་རེ་བ་བཏོན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག