མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་དམིགས་འབེན་མང་བོར་བར་སྣང་ནས་འཇབ་རྒོལ་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-06-15 11:47

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་མཁའ་དམག་གིས་ཚེས་བཅུ་བཞིའི་ཉིན་གྱི་དགོང་མོར་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་དམིགས་འབེན་མང་བོར་བར་སྣང་ནས་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་གཅིག་ལ་རྨས་ཕོག

    ས་དེའི་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་བར་སྣང་ནས་འཇབ་རྒོལ་བྱེད་སའི་དམིགས་འབེན་ནི་ཕཱ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི་དང་ཕཱ་ལེ་སི་ཐན་གྱི་དབྱི་སི་རལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡི་སྦྱོང་བརྡར་སྒྲིག་ཆས་རེད་ཟེར།

    ཉིན་དེའི་སྔ་དྲོར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དམག་དོན་སྒྲིག་ཆས་ལ་བར་སྣང་ནས་འཇབ་རྒོལ་ཐེངས་གཉིས་བྱུང་པ་དང་། མི་ལ་ཤི་རྨས་མ་ཐེབས།

    ཉིན་དེའི་ཐེངས་མང་བོའི་བར་སྣང་འཇབ་རྒོལ་ནི་ཅཱ་ཧྲའི་དྲག་ཆས་མི་སྣས་ཉེ་སྔོན་དབྱི་སི་རལ་ལྷོ་ཕྱོགས་ས་ཁུལ་དུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་པར་འཁོན་ལན་སློག་པའི་ཆེད་དུ་རེད་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག