མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་མཚོ་ཁུགས་ས་ཁུལ་དུ་མྱུར་མོར་གནམ་གྲུ་འབབ་སའི་གྲུ་གཟིངས་བཀོད་སྒྲིག་བྱས་ཏེ་དབྱི་རག་གི་གནས་བབ་ཐག་གཅོད་བྱེད་རྒྱུ་རེད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-06-15 11:47

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་བཞིའི་ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཧཱ་ཀིར་གྱིས་བཀའ་རྒྱ་བཏང་སྟེ། ཨ་རབ་རྒྱ་མཚོའི་བྱང་ངོས་ས་ཁུལ་དུ་སྐོར་གཡེང་བྱེད་པའི་ཆའོ་ཀྲི་པུའུ་ཧྲི་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་དེ་མྱུར་མོར་མཚོ་ཁུགས་ས་ཁུལ་དུ་བཀོད་སྒྲིག་བྱས་ཏེ། དབྱི་རག་གི་ཛ་དྲག་གནས་བབ་ཞིག་འཇགས་སུ་གཏོང་དགོས་ཟེར།

    ཟུར་ལྔའི་ཐོག་ཁང་ཆེན་མོའི་མགྲིན་ཚབ་པ་ཁི་པུས་ཀྱིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཆའོ་ཀྲི་པུའུ་ཧྲི་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་དང་། ཧྥེ་ལེ་པེན་རྒྱ་མཚོ་རྟགས་ཅན་གྱི་འཕུར་མདའ་ལྡན་པའི་སྐོར་གཡེང་གྲུ་གཟིངས། ཐི་ལཱ་ཁི་སི་ཏོན་རྟགས་ཅན་གྱི་འཕུར་མདའ་ལྡན་པའི་མཐར་སྐྲོད་གྲུ་གཟིངས་བཅས་མཉམ་དུ་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། ཚེས་བཅུ་བཞིའི་ཉིན་གྱི་དགོང་མོར་མཚོ་ཁུགས་ཁུལ་དུ་ཆས་ཡོད་ཟེར། ཁོས་བཤད་རྒྱུར། གལ་ཏེ་དམག་དོན་འགུལ་སྐྱོད་སྤེལ་ནས་ཨ་མེ་རི་ཁའི་དབྱི་རག་གི་ཁེ་ཕན་དང་མི་སྣའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཚེ། བཀོད་སྒྲིག་དེ་ལས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཐབས་ཇུས་འདོན་པར་རམ་འདེགས་ཀྱི་ནུས་པ་ཐོན་སྲིད་ཟེར།

    ཨོ་པཱ་མཱ་ཡིས་ཚེས་བཅུ་གསུམ་ཉིན་བསྟན་དོན། ཨ་མེ་རི་ཁས་དབྱི་རག་ལ་ས་ངོས་དམག་དཔུང་མངག་གཏོང་བྱས་ཏེ་དབྱི་རག་གི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་དཔུང་འཇུག་གནད་དོན་ཐག་གཅོད་བྱེད་མི་སྲིད་ཟེར། ཁོས་བཤད་རྒྱུར། དབྱི་རག་གི་བདེ་འཇགས་གནས་བབ་ཀྱིས་དབྱི་རག་མི་དམངས་ལ་འཇིགས་ཉེན་བཟོས་པར་མ་ཟད། ཨ་མེ་རི་ཁའི་ས་ཁུལ་དེའི་ཁེ་ཕན་ལའང་འཇིགས་ཉེན་ཐེབས་ཡོད་པས། ཨ་མེ་རི་ཁས་ས་ངོས་དམག་དཔུང་མངག་གཏོང་བྱེད་པ་མ་འདུས་པའི་བྱེད་ཐབས་གཞན་པར་བསམ་བློ་གཏོང་བཞིན་ཡོད་ཟེར། ཁོས་བསྟན་དོན། ཉིན་འགའི་ནང་རྣམ་པ་ག་འདྲར་བརྟེན་ནས་དབྱི་རག་གི་བདེ་འཇགས་དམག་དཔུང་ལ་རོགས་རམ་བྱེད་པར་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག