མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སུའེ་ཏེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཚོན་ཆའི་ཉོ་ཚོང་ཆིངས་ཡིག་འགོད་རྒྱུ་རེད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-06-15 11:47

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའེ་ཏེན་སྲིད་གཞུང་གིས་ཚེས་བཅུ་གསུམ་ཉིན་ཁྱབ་སྒྲོག་བྱས་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཚོན་ཆའི་ཉོ་ཚོང་ཆིངས་ཡིག་འགོད་རྒྱུ་ཡིན་པ་དང་། དམིགས་ཡུལ་ནི་རྒྱལ་ཁབ་མང་བོ་དང་མཉམ་འབྲེལ་བྱས་ཏེ་ཁྲིམས་འགལ་གྱི་མཚོན་ཆའི་ཉོ་ཚོང་ལ་བཀག་འགོག་བྱེད་པའི་ཆེད་དུ་ཡིན་ཟེར།

    སུའེ་ཏེན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། མཚོན་ཆའི་ཉོ་ཚོང་ཆིངས་ཡིག་ནི་རྒྱལ་སྤྱིའི་རྒྱུན་སྲོལ་གྱི་མཚོན་ཆའི་ཉོ་ཚོང་ལ་འགན་འཁྲིའི་རང་བཞིན་ཆེན་པོ་ལྡན་པའི་ཆེས་མཐོའི་ཐུན་མོང་ཚད་གཞི་ཡིན་ཞིང་། ཆིངས་ཡིག་བཀོད་པའི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་རང་ཚོད་འཛིན་མ་ལག་ཁྲོད་བཞག་སྟེ་ཁྲིམས་འགལ་དང་བཀག་རྒྱ་མེད་པའི་མཚོན་ཆའི་ཉོ་ཚོང་མེད་པར་གཏོང་བའི་འོས་འགན་ཡོད། སུའེ་ཏེན་གྱིས་ཆིངས་ཡིག་དེ་འགོད་པར་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གང་རུང་ལ་བཟོ་བཅོས་བྱེད་མི་དགོས་ལ། རྒྱུ་མཚན་ནི་ཆིངས་ཡིག་གིས་གཏན་འཁེལ་བྱས་པའི་མཚོན་ཆའི་ཕྱིར་གཏོང་གི་ཚོད་འཛིན་དེ་སུའེ་ཏེན་གྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་བྱེད་ཕྱོགས་སྲིད་ཇུས་དང་འཆམ་པར་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་གྱི་མཚོན་ཆའི་ཕྱིར་གཏོང་གི་ཐུན་མོང་ལངས་ཕྱོགས་དང་ཡང་འཚམ་པས་རེད་ཟེར།     སྤྱི་སྒྲོག་ལས་བཤད་རྒྱུར། སུའེ་ཏེན་སྲིད་གཞུང་གིས་ཉེ་བའི་དུས་སྐབས་ནང་མཉམ་འབྲེལ་རྒྱལ་ཚོགས་ལ་མཚོན་ཆའི་ཉོ་ཚོང་ཆིངས་ཡིག་འགོད་པའི་ཆོག་མཆན་ཡི་གེ་སྤྲོད་རྒྱུ་ཡིན་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག