མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་བདེ་འཇགས་དམག་དཔུང་གིས་ཏིས་ཡཱ་ལཱ་ཞིང་ཆེན་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པར་འཁྲུག་རྩོད་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-06-15 11:47

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་བདེ་འཇགས་དམག་དཔུང་གིས་ཚེས་བཅུ་གསུམ་ཉིན་ཏིས་ཡཱ་ལཱ་ཞིང་ཆེན་གྱི་གྲོང་ཁྱེར་མང་བོར་དཔུང་འཇུག་བྱེད་རྩིས་ཡོད་པའི་དྲག་ཆས་ཉེས་ཅན་དང་འཁྲུག་རྩོད་བྱས་ཟེར།

    ཏིས་ཡཱ་ལཱ་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་པཱ་ཀ་ཏཱའི་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ་བརྒྱའི་མཚམས་སུ་ཡོད་པའི་མུས་ཀི་ཏཱ་ཏིས་ཡེ་གྲོང་ཁྱེར་གྱི་སྡེ་བ་གཉིས་བཙན་བཟུང་བྱས་ཀྱང་། བདེ་འཇགས་དམག་དཔུང་གིས་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་བཙན་བཟུང་བྱས་པའི་ས་དེ་ཕྱིར་འཕྲོག་པ་དང་། དྲག་ཆས་ཉེས་ཅན་གསུམ་འཁྲུག་རྩོད་ཁྲོད་བསད་ཟེར།

    ཏིས་ཡཱ་ལཱ་ཞིང་ཆེན་དེ་པཱ་ཀ་ཏཱའི་ཤར་ཕྱོགས་སུ་དབྱི་ལིང་དང་འདབས་འབྲེལ་དུ་ཆགས་ཡོད་ཅིང་། ཉིས་སྟོང་གསུམ་ལོར་དབྱི་རག་གི་འཐབ་འཁྲུག་བྱུང་བའི་ཚུན་ལ། ཞིང་ཆེན་དེར་རྟེན་གཞི་རྩ་འཛུགས་དང་ཐལ་སྤྱོད་དྲག་ཆས་པ། ཆོས་ལུགས་འཁྲུག་རྩོད་སོགས་ཀྱི་དོན་རྐྱེན་མང་དུ་བྱུང་མྱོང་།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག