མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་གྱིས་ཧན་གོ་ཨ་མེ་རི་ཁའི་འཕུར་མདའི་འགོག་སྲུང་མ་ལག་ནང་ཞུགས་འདོད་ཡོད་པར་རྒོལ་གཏམ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-06-15 11:48

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་གསུམ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་ཞི་བདེ་སྲུང་སྐྱོབ་རྒྱལ་ཡོངས་མི་རིགས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་ཉིན་དེར་གཏམ་བཤད་སྤེལ་ཏེ། ཧན་གོ་ཨ་མེ་རི་ཁའི་འཕུར་མདའི་འགོག་སྲུང་མ་ལག་ནང་ཞུགས་འདོད་ཡོད་པའི་འཆར་གཞི་ལ་རྒོལ་གཏམ་བཏང་བ་དང་། ཁྲའོ་ཞན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཉིང་རྡུལ་གྱི་ཚོད་འཛིན་ནུས་པར་ཤུགས་སྣོན་བྱས་ཏེ་རྒོལ་ལན་སྤྲོད་ངེས་ཡིན་ཟེར།

    མགྲིན་ཚབ་པ་དེས་བཤད་རྒྱུར། ཧན་གོས་ཕྱི་ཚུལ་ནས་བར་སྣང་གི་འགོག་སྲུང་མ་ལག་བཀོད་སྒྲིག་བྱེད་པ་དང་འཕུར་མདའི་འགོག་སྲུང་མ་ལག་ནང་ཞུགས་པར་མི་འཐད་པའི་རྣམ་འགྱུར་བསྟན་ཡོད་ཀྱང་། དོན་དམ་དུ་ལྐོག་ནས་བཀོད་སྒྲིག་འཆར་གཞི་ལ་ཡར་སྐུལ་བྱེད་ཅི་ཐུབ་བྱེད་བཞིན་ཡོད། དེའི་དམིགས་ཡུལ་ནི་ཁྲའོ་ཞན་ལ་ཉིང་རྡུལ་གྱིས་ཆམ་ཕབ་གཏོང་བ་དང་ཉེན་ཁའི་དམག་དོན་དཀྲུག་འཕེན་བྱེད་པའི་ཆེད་དུ་རེད་ཟེར།

    མགྲིན་ཚབ་པ་དེས་ད་རུང་བསྟན་དོན། ཨ་མེ་རི་ཁ་དང་ཧན་གོས་འུད་བརྗོད་བྱེད་པའི་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པ་དང་འཕུར་མདའི་འཇིགས་ཉེན་ནི་བར་སྣང་གི་འགོག་སྲུང་མ་ལག་སོགས་ཉིང་རྡུལ་ནུས་པའི་མཚོན་ཆ་སོགས་ཧན་གོར་སྐྱེལ་ནས་འཕུར་མདའི་འགོག་སྲུང་མ་ལག་བཙུགས་ཏེ། ཁྲའོ་ཞན་ཕྱེད་གླིང་དང་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་ནས་འཐབ་འཁྲུག་སློང་བའི་ཆེད་དུ་རེད་ཟེར། ཁྲའོ་ཞན་གྱིས་ཨ་མེ་རི་ཁ་དང་ཧན་གོའི་བྱེད་ཐབས་དེ་སྣང་མེད་དུ་བསྐྱུར་མི་སྲིད་ལ། སྔར་ལས་ལྷག་པའི་སྒོ་ནས་ཉིང་རྡུལ་གྱི་ཚོད་འཛིན་ནུས་པར་བརྟེན་ནས་མཐའ་གཅིག་ཏུ་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག