མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་གྱི་རལ་གྲིའི་འགུལ་སྐྱོད་ཅེས་པའི་ཁྲོད་དུ་ཕ་ལེ་སི་ཐན་པ་བརྒྱད་བརྒྱ་དང་སོ་ལྔ་རྐྱེན་ལམ་དུ་ཤོར།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-26 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལེ་སི་ཐན་གྱི་འཕྲོད་བསྟེན་སྡེ་ཁག་གིས་བདེན་དཔང་བྱས་པ་ལྟར་ན། ཚེས་ཉེར་ལྔ་ཉིན་ཅ་ཧྲ་ས་ཁུལ་ནས་ཉུང་མཐར་ཡང་ཕ་ལེ་སི་ཐན་པ་ཉེར་དགུ་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། མི་ཉིས་བརྒྱ་ལྷག་ལ་རྨས་ཕོག་ཟེར། མིག་སྔའི་བར་དུ་དབྱི་སི་རལ་གྱི་དམག་དཔུང་གིས་སྤེལ་བའི་རལ་གྲིའི་འགུལ་སྐྱོད་ཅེས་པའི་ཁྲོད་དུ་ཉུང་མཐར་ཡང་ཕ་ལེ་སི་ཐན་པ་བརྒྱད་བརྒྱ་དང་སོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་ལྔ་དང་སུམ་བརྒྱ་ལྷག་ལ་རྨས་ཕོག་ཅིང་། འདས་པོ་དང་རྨས་མ་མང་ཆེ་ཤོས་ནི་མི་སེར་རེད།

ཕ་ལེ་སི་ཐན་གྱི་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧ་ཏི་ཡིས་བདེན་དཔང་བྱས་པ་ལྟར་ན། རྩ་འཛུགས་དེའི་མཐོ་རིམ་དཔོན་རིགས་ས་ལ་ཧི•ཨ་པུའུ•ཧ་སང་ཉིན་དང་ཁོའི་བུ་གཉིས་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཁྲོད་དུ་རྐྱེན་ལམ་དུ་ཤོར་བ་དང་། དབྱི་སི་རལ་གྱི་མཁའ་དམག་གིས་ཚེས་ཉེར་ལྔ་ཉིན་ད་དུང་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡི་མགོ་ཁྲིད་པ་ས་ལ་ཧི•པ་ཨར་ཏ་ཝེ་ལེ་ཡི་ཅ་ཧྲ་ས་ཁུལ་ལྷོ་ཕྱོགས་ན་ཡོད་པའི་ཁང་པ་འགས་གཏོར་བཏང་ཟེར།

ས་དེའི་ཚེས་ཉེར་བཞི་ཉིན་གྱི་མཚན་མོ་ནས་ཚེས་ཉེར་ལྔ་ཉིན་བར་དུ། ཕ་ལེ་སི་ཐན་གྱི་ཅོར་ཏན་ཆུ་བོའི་ནུབ་འགྲམ་གྱི་གྲོང་ཁྱེར་མང་བོ་ནས་གཞི་རྒྱ་ཆེ་བའི་ཁྲོམ་སྐོར་རྔམ་སྟོན་བྱས་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་སྤེལ་བའི་འགུལ་སྐྱོད་ལ་ངོ་རྒོལ་བྱས། རྔམ་སྟོན་བྱེད་པའི་མང་ཚོགས་དང་དབྱི་སི་རལ་གྱི་དམག་དཔུང་བར་དུ་འཁྲུག་རྩོད་བྱུང་ནས། ཉུང་མཐར་ཡང་ཕ་ལེ་སི་ཐན་པ་གཅིག་དབྱི་སི་རལ་གྱི་དམག་མིས་བསད་པ་དང་མི་ཉིས་བརྒྱ་ལྷག་ལ་རྨས་ཕོག དེས་མི་ཚད་མི་མང་བོ་དབྱི་སི་རལ་ཕྱོགས་ཀྱིས་བཙོན་བཀག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག