མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥུའུ་ཧན་གྱི་ནུབ་ཕྱོགས་ནས་མི་སེར་བཅུ་དྲུག་དྲག་ཆས་མི་སྣས་དམར་གསོད་བྱས།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-26 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། མི་སེར་བཅུ་དྲུག་ཉེ་སྔོན་ཨ་ཧྥུའུ་ཧན་ནུབ་ཕྱོགས་ཀྱི་ཀུའུ་ཨར་ཞིང་ཆེན་ནས་སུ་ཡིན་མི་ཤེས་པའི་དྲག་ཆས་མི་སྣས་མེ་མདས་བརྒྱབ་སྟེ་བསད་ཟེར།

ཀུའུ་ཨར་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཧ་ཐེ་པེ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དྲག་ཆས་མི་སྣ་དེ་དག་གིས་ཚེས་ཉེར་བཞི་ཉིན་གྱི་མཚན་མོར་ཞིང་ཆེན་དེ་ཆགས་སའི་གྲོང་ཁྱེར་འདབས་རོལ་ནས་འགྲུལ་སྐྱེལ་རླངས་འཁོར་ཆུང་ཆུང་ཞིག་བཀག་སྟེ། རླངས་འཁོར་ནང་གི་འགྲུལ་བ་བཅུ་དྲུག་པོ་སྒོར་དེད་རྗེས་མེ་མདས་བརྒྱབ་སྟེ་ཚང་མ་བསད། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེར་རྩད་གཅོད་བྱེད་བཞིན་ཡོད་པ་དང་། རྩ་འཛུགས་གང་གིས་ཀྱང་དོན་རྐྱེན་དེ་བསླངས་པ་ཁས་བླངས་མེད་ཟེར།

ཨ་ཧྥུའུ་ཧན་གྱིས་ད་ལོར་ཙུང་ཐུང་འདེམ་བསྐོ་བསྡུ་རྒྱུ་ཡིན་ལ། དེ་དང་མཉམ་དུ་ཨ་ཧྥུའུ་ཧན་དུ་ཡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་འཐབ་འཛིང་དམག་དཔུང་ཡང་ལོ་མཇུག་ལ་ཕྱིར་འཐེན་བྱེད་དགོས་པས། རྒྱལ་ནང་གི་དྲག་ཤུགས་འཁྲུག་རྩོད་ཇེ་མང་ལ་སོང་ནས། མི་སེར་མང་བོ་ཤི་རྨས་བཟོས་པ་དང་། བདེ་འཇགས་ཀྱི་གནོན་ཤུགས་ཇེ་ཆེར་སོང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག