མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཕྱོགས་སོ་སོས་ཅ་ཧྲ་ས་ཁུལ་ནས་ཉིན་བདུན་ལ་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་འགོད་རྒྱུའི་འབོད་སྐུལ་བཏང་།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-27 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉེར་དྲུག་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ཏེ། ཅ་ཧྲ་ས་ཁུལ་ནས་དུས་ཚོད་བཅུ་གཉིས་རིང་ལ་དམག་འཁྲུག་མཚམས་བཞག་པར་དགའ་བསུ་ཞུས་པ་དང་། དེ་དང་མཉམ་དུ་ཕྱོགས་སོ་སོས་ཉིན་བདུན་ལ་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་འགོད་རྒྱུའི་འབོད་སྐུལ་བཏང་།

གསལ་སྒྲོག་ནང་དུ་ཕན་ཅི་ཝུན་གྱིས་ཕལ་ཆེར་ལག་བསྟར་བྱས་པའི་ཅ་ཧྲ་ས་ཁུལ་ནས་དུས་ཚོད་བཅུ་གཉིས་རིང་དམག་འཁྲུག་མཚམས་བཞག་པའི་བྱ་བ་དེར་དགའ་བསུ་ཞུ་བཞིན་་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་འབད་བརྩོན་བྱས་ཏེ། གནས་སྐབས་སུ་དམག་འཁྲུག་མཚམས་འཇོག་པ་དེ་ཡུན་རིང་བོར་དམག་འཁྲུག་མཚམས་འཇོག་པར་བསྒྱུར་དགོས་ཞེས་བཀོད་ཡོད།

གསལ་སྒྲོག་ནང་དུ་ཕན་ཅི་ཝུན་གྱིས་ཕྱོགས་སོ་སོས་ཅ་ཧྲ་ས་ཁུལ་ནས་ཉིན་བདུན་ལ་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་འགོད་རྒྱུ་མ་ཟད། དེ་ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་པའི་ཆབ་སྲིད་ཀྱི་འཕེལ་རིམ་ཞིག་ཏུ་བརྩི་དགོས་པར་ཡང་བསྐྱར་འབོད་སྐུལ་བཏང་ལ། ཁོས་ད་དུང་ཕྱོགས་སོ་སོས་ཉིན་དེར་དུས་ཚོད་ལོངས་པའི་ཆུ་ཚོད་བཅུ་གཉིས་རིང་གནས་སྐབས་སུ་དམག་འཁྲུག་མཚམས་འཇོག་པའི་དུས་ཚོད་དེ་ཇེ་རིང་ལ་གཏོང་རྒྱུའི་འབོད་སྐུལ་དྲག་པོ་བཏང་ཞེས་བཀོད་ཡོད།

གསལ་སྒྲོག་ནང་དུ་ཕན་ཅི་ཝུན་གྱིས་ཅ་ཧྲ་ས་ཁུལ་གྱི་བཀག་སྡོམ་ངེས་པར་དུ་མཚམས་བཞག་སྟེ། ལག་བསྟར་བྱས་ཆོག་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་ཞི་བདེ་མཉམ་གནས་བྱེད་པའི་ཇུས་གཞི་ཞིག་གཏན་འབེབ་བྱེད་དགོས་ཞེས་ནན་གྱིས་བསྟན་ཞེས་བཀོད་ཡོད།

ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡིས་ཚེས་ཉེར་དྲུག་ཉིན་གྱི་ཞོགས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་ཅ་ཧྲ་ས་ཁུལ་ནས་དུས་ཚོད་བཅུ་གཉིས་རིང་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱས་པ་ཡིན་ཞེས་བཤད། དབྱི་སི་རལ་གྱི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡང་ཧ་མ་སིའི་བར་དུ་དུས་ཚོད་བཅུ་གཉིས་རིང་དམག་འཁྲུག་མཚམས་འཇོག་པར་འཐད་པ་བྱུང་ཟེར་ལ། དམག་འཁྲུག་ས་དེའི་ཚེས་ཉེར་དྲུག་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་ནས་དགོང་མོའི་དུས་ཚོད་བརྒྱད་བར་དུ་མཚམས་བཞག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག