མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སིའི་ཙུང་ཐུང་གིས་དོན་རྐྱེན་ཐོན་པའི་ཨར་ཅི་རི་ཡའི་འགྲུལ་སྐྱེལ་གནམ་གྲུའི་སྒམ་ཆུང་ནག་པོ་གཅིག་རྙེད་ཡོད་ཅེས་བསྟན་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-28 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏེས་སྤྱི་ཚེས་25ཉིན་གསར་འགྱུར་ལས་རིགས་ལ། ཨར་ཅི་རི་ཡའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་མ་ལེའི་ས་ཁོངས་ནང་ལྷུངས་རྗེས། གནམ་གྲུའི་སྒམ་ཆུང་ནག་པོ་གཅིག་རྙེད་ཡོད་པ་དང་། དོན་རྐྱེན་ཐོན་སར་གསོན་པོར་སྡོད་མཁན་རྙེད་མེད་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ཨོ་ལང་ཏེས། ཧྥ་རན་སིའི་དམག་མི་འགྲུལ་སྐྱེལ་གནམ་གྲུ་ལྷུངས་སའི་ས་ཆར་འབྱོར་ཟིན་པ་མ་ཟད། བརྟག་དཔྱད་བྱེད་འགོ་ཚུགས་ཡོད་ཅེས་གསུངས་ཡོད་པ་དང་། ཁོང་གིས། གནམ་གྲུའི་ཐོག་ཁྱོན་མི་118ཡོད་པ་དང་། དེའི་ཁྲོད་ཧྥ་རན་སི་བ་51ཡོད། ཧྥ་རན་སིའི་སྲིད་གཞུང་གིས་སྤྱི་ཚེས་26ཉིན་ཕྱི་འབྲེལ་པུར་འགྲུལ་པའི་ནང་མིར་སྣེ་ལེན་ཞུས་ནས། འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་རེས་དོན་རྐྱེན་ཐོན་པའི་འགྲུལ་སྐྱེལ་གནམ་གྲུའི་ཁ་ལོ་བས་དེ་སྔོན་ཝ་ཅ་ཏེ་གུ་ནས་ཨར་ཅི་རི་ཡའི་བར་འཕུར་སྐྱོད་ཐེངས་མང་བྱེད་མྱོང་ཡོད་པ་དང་། འཕུར་སྐྱོད་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག