མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ཐཱ་ལེའི་མེ་གསོད་གྱེན་འཕུར་གནམ་གྲུ་ཞིག་སར་ལྷུང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-29 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐཱ་ལེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ཐཱ་ལེའི་མེ་གསོད་གྱེན་འཕུར་གནམ་གྲུ་ཞིག་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་རོ་མཱ་ཤར་ཕྱོགས་ཀྱི་སྤྱི་ལེ་བརྒྱ་ཙམ་ཡོད་པའི་མཚམས་སུ་སར་ལྷུང་སྟེ། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ལྗིད་མོ་ཕོག

བསྒྲགས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་བྱུང་སྐབས་གནམ་གྲུའི་སྟེང་བསྡོམས་པས་མི་གསུམ་ཡོད་པ་དང་། གནམ་གྲུའི་ཁ་ལོ་བ་དང་གནམ་གྲུ་དེའི་ལག་རྩལ་མི་སྣ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། ལག་རྩལ་མི་སྣ་གཞན་ཞིག་ལ་རྨས་ལྗིད་མོ་ཕོག་ཡོད་ལ་ཐག་ཉེ་སའི་སྨན་ཁང་དུ་བསྐྱལ་ཡོད། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། གྱེན་འཕུར་གནམ་གྲུ་དེ་ས་སྟོང་ཞིག་ཏུ་བྲེལ་མྱུར་ངང་འབབ་རྩིས་བྱེད་སྐབས་ས་ངོས་དང་བར་ཐག་སྨིད་འགའ་ལས་མེད་པའི་སྐབས་སུ་གློ་བུར་དུ་སར་ལྷུང་བ་རེད་ཟེར།

ས་དེའི་དམངས་དོན་སྲུང་སྐྱོབ་སྡེ་ཁག་གིས་བཤད་རྒྱུར། གྱེན་འཕུར་གནམ་གྲུ་དེས་སྐབས་ཐོག་དེར་ལག་རྩལ་རོགས་སྐྱོར་ལས་འགན་ལག་བསྟར་བྱེད་བཞིན་ཡོད་པ་ལས་མེ་གསོད་ལས་འགན་ལག་བསྟར་བྱེད་པ་མ་རེད་ཟེར། མེ་གསོད་གྱེན་འཕུར་གནམ་གྲུས་ཞབས་ཞུ་བྱེད་སའི་ཀུང་ཟིས་བཤད་རྒྱུར། གྱེན་འཕུར་གནམ་གྲུ་དེ་སར་ལྷུང་བ་ནི་སྒུལ་འཁོར་ལ་ཆག་སྐྱོན་བྱུང་བས་རེད་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག