མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱ་གར་ནས་རིགས་རྒྱུད་ཚོགས་ཁག་བར་གྱི་འཁྲུག་རྩོད་བྱུང་ནས་མི་ཉི་ཤུ་ལྷག་ལ་ཤི་རྨས་ཐེབས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-29 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གྱི་དྷི་ལེ་གསར་བའི་བརྙན་འཕྲིན་ཁང་གིས་ཚེས་ཉེར་བདུན་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་གར་བྱང་ཕྱོགས་པང་ནུབ་ངོས་ཀྱི་སཱ་ཧཱ་ལན་ཕུའུ་ཨར་ས་ཁུལ་ནས་ཚེས་ཉེར་དྲུག་ཉིན་མུའུ་སི་ལིན་དང་ཞེ་ཁིའི་དད་ལྡན་པའི་བར་འཁྲུག་རྩོད་བྱུང་བ་དང་། ཚེས་ཉེར་བདུན་ཉིན་བར་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལ་རྨས་ཕོག

རྒྱུས་ལོན་བྱུང་བ་ལྟར་ན། འཁྲུག་རྩོད་དེ་ཚེས་ཉེར་དྲུག་ཉིན་གྱི་ཞོགས་པར་བྱུང་བ་དང་། ཞེ་ཁིའི་དད་ལྡན་པ་སྐོར་ཞིག་གིས་རྩོད་གཞིར་གྱུར་བའི་གནས་ཤིག་ཏུ་བཟོ་སྐྲུན་ལག་བསྟར་བྱེད་སྐབས་མུའུ་སི་ལན་གྱི་ངོ་རྒོལ་ཐེབས་པ་ཡིན་ལ། དེའི་རྗེས་སུ་ཁྲག་བཞུར་འཁྲུག་རྩོད་དུ་གྱུར་བ་རེད། མིག་སྔར་ས་དེའི་ཉེན་རྟོག་ཕྱོགས་ཀྱིས་ས་ཁུལ་དེར་མཚན་མགྲོན་འགོག་པའི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས་ཡོད་པ་དང་། རྒྱ་གར་ནང་སྲིད་པུའུ་ཡིས་ས་ཁུལ་དེར་ཉེན་རྟོག་པ་མངག་གཏོང་བྱས་ཏེ་བདེ་འཇགས་སྲུང་སྐྱོབ་བྱེད་བཞིན་ཡོད། རྒྱ་གར་བྱང་ཕྱོགས་པང་སྲིད་གཞུང་གིས་རྐྱེན་ལམ་དུ་ཤོར་བའི་མི་རེ་རེར་རྒྱ་གར་གྱི་སྒོར་མོ་ས་ཡ་གཅིག་གི་སྐྱིན་ཚབ་སྟེར་རྒྱུ་ཡིན་པ་དང་། རྨས་མ་རེ་རེར་རྒྱ་གར་གྱི་སྒོར་མོ་ཁྲི་ལྔའི་ཁ་གསབ་སྟེར་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག