མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་ཡིས་ཕྱི་སྡོད་རང་མི་དག་ལི་པུ་ཡཱ་དང་ཁ་འབྲལ་དགོས་པའི་རེ་བ་བཏོན།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-29 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ནཱ་ཏཱ་ཨར་གྱིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ལི་པུ་ཡཱའི་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་སོང་བར་དམིགས་ཏེ། ཧྥ་རན་སི་ཡིས་ཕྱི་སྡོད་རང་མི་དག་ལི་པུ་ཡཱ་དང་ཁ་འབྲལ་དགོས་པའི་རེ་བ་བཏོན།

ནཱ་ཏཱ་ཨར་གྱིས་བཤད་རྒྱུར། ཧྥ་རན་སིའི་ཕྱི་སྡོད་རང་མི་དག་གིས་གང་མགྱོགས་ཀྱིས་ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པའོ་ལི་རུ་ཡོད་པའི་ཧྥ་རན་སིའི་གཞུང་ཚབ་ཁང་ལ་འབྲེལ་གཏུགས་བྱེད་དགོས་པའི་རེ་བ་བཏོན།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ལི་པུ་ཡཱ་རུ་ཡོད་པའི་ཧྥ་རན་སིའི་སྡོད་དམངས་མི་བརྒྱ་ཙམ་མ་གཏོགས་མེད་ཟེར། ལི་པུ་ཡཱའི་བདེ་འཇགས་གནས་བབ་མུ་མཐུད་དུ་ཇེ་སྡུག་ཏུ་སོང་བའི་དབང་གིས་དབྱིན་ཇི་དང་། འཇར་མན། ཧི་ལན། དབྱི་ཐཱ་ལེ་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོས་རང་རང་གི་སྡོད་དམངས་དག་ལི་པུ་ཡཱ་དང་ཁ་འབྲལ་དགོས་པའི་རེ་བ་བཏོན།

ཟླ་འདིའི་ཚེས་བཅུ་གསུམ་ཉིན་གྱི་ཚུན་ལ། ལི་པུ་ཡཱའི་དམངས་དམག་གི་དྲག་ཆས་ཕྱོགས་ཁག་གཉིས་ཀྱིས་རྒྱལ་ས་ཏི་ལེ་པའོ་ལིའི་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཚོད་འཛིན་དབང་ཆ་འཕྲོག་རྩོད་བྱེད་ཆེད་འཁྲུག་རྩོད་དྲག་པོ་བྱས་པ་དང་། འཁྲུག་རྩོད་དེ་ད་ལྟའི་བར་ད་རུང་མཇུག་སྒྲིལ་མེད།

མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པ་དང་རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་སྔ་གཞུག་ཏུ་ལི་པུ་ཡཱ་རུ་སྡོད་པའི་ལས་བྱེད་མི་སྣ་ཚང་མ་ཕྱིར་འཐེན་བྱས་པ་དང་། འཇར་པན་དང་ཐུར་ཁེ། ཨེ་ཅིབ་སོགས་རྒྱལ་ཁབ་མང་བོས་ཀྱང་ལི་པུ་ཡཱ་རུ་སྡོད་པའི་གཞུང་ཚབ་ཁང་གི་སྒོ་བརྒྱབ་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག