མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་ཨ་མེ་རི་ཁས་བལྟས་ན་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ས་ཁུལ་ནས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་དགོས་པར་འདོད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-29 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉེར་བདུན་ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ལ་ཁ་པར་བཏང་སྟེ། ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་བལྟས་ན་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ས་ཁུལ་ནས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་དགོས་པར་འདོད།

ལཱ་ཧྥུའུ་ལོ་ཧྥུའུ་དང་ཁི་ལེ་ཡིས་བསྟན་དོན། ཝུའུ་ཁི་ལན་གྱི་འཁྲུག་རྩོད་ས་ཁུལ་ནས་འཁྲུག་རྩོད་མཚམས་བཞག་སྟེ་ཨུ་རུ་སི་དང་ཨ་མེ་རི་ཁ། ཝུའུ་ཁི་ལན། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱིས་ད་ལོའི་ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་བཀོད་པའི་རི་ནེ་ཝའི་ཡིག་ཆ་གཞིར་བཟུང་ནས་ཕྱོགས་སོ་སོས་གྲོས་མོལ་བྱེད་དགོས་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་ཡིས་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ལྟ་ཞིབ་པ་ཨུ་རུ་སིའི་ཀུའུ་ཁི་བོ་དང་ཏོན་ནེ་ཚི་ཁིའི་ཞིབ་བཤེར་ས་ཚིགས་སུ་ཡོང་ནས་རྟོག་ཞིབ་བྱེད་པར་གདན་ཞུ་བྱས་ཡོད་པ་དང་། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ལྟ་ཞིབ་པའི་རྟོག་ཞིབ་ལ་བཀག་རྒྱ་ཅི་ཡང་ཐེབས་མི་རུང་བའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག