མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥེ་རི་ཁ་གསར་སྤེལ་དངུལ་ཁང་གིས་ཨན་ཀི་ལཱ་རྒྱལ་ཁབ་ལ་མེ་སྒོར་ཐེར་འབུམ་གཅིག་གི་དངུལ་བུན་འདོན་སྤྲོད་བྱེད་རྒྱུ་རེད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-30 10:42

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨན་ཀི་ལཱའི་ནོར་སྲིད་བློན་ཆེན་མན་ནོའུ་ཨེ་ཨར་གྱིས་ཚེས་ཉེར་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཨན་ཀི་ལཱ་སྲིད་གཞུང་གིས་ཨ་ཧྥེ་རི་ཁ་གསར་སྤེལ་དངུལ་ཁང་བར་གྲོས་མཐུན་ཞིག་བཀོད་པ་དང་། ཨ་ཧྥེ་རི་ཁ་གསར་སྤེལ་དངུལ་ཁང་གིས་ཉེ་ལམ་ཨན་ཀི་ལཱ་རྒྱལ་ཁབ་ལ་མེ་སྒོར་ཐེར་འབུམ་གཅིག་གི་དངུལ་བུན་འདོན་སྤྲོད་བྱས་ཏེ། ཨན་ཀི་ལཱ་རྒྱལ་ཁབ་ཀྱིས་བདེ་བླག་ངང་ད་ལོའི་སྔོན་རྩིས་ལག་བསྟར་བྱེད་པར་རོགས་རམ་བྱེད་རྒྱུ་རེད་ཟེར།

མན་ནོའུ་ཨེ་ཨར་གྱིས་ཨན་ཀི་ལཱའི་ཙུང་ཐུང་ཏའོ་སི་སང་ཐའོ་སི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨ་ཧྥེ་རི་ཁ་གླིང་གསར་སྤེལ་དངུལ་ཁང་གི་མགོ་གཙོ་ཁཱ་པེ་ལུའུ་ཁཱ་ལ་ཐུག་འཕྲད་བྱས་རྗེས་གསར་འགྱུར་ལས་རིགས་ལ་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་པ་རེད། ཁོས་བཤད་རྒྱུར། ཚོད་དཔག་བྱས་ན་ཨ་ཧྥེ་རི་ཁ་གསར་སྤེལ་དངུལ་ཁང་གིས་ཟླ་བརྒྱད་པར་ཨན་ཀི་ལཱ་རྒྱལ་ཁབ་ལ་གྲོས་མཐུན་ཁྲོད་ཀྱི་མེ་སྒོར་དུང་ཕྱུར་དྲུག་གི་དངུལ་བུན་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། ཨན་ཀི་ལཱའི་སྲིད་གཞུང་གིས་ཐོག་མར་བཟོ་སྐྲུན་དང་སྐྱེལ་འདྲེན། ནུས་ཁུངས་ལས་རིགས་བཅས་ལ་དངུལ་བུན་དེ་དག་སྟེར་རྒྱུ་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན་ཕྱི་རྒྱལ་གྱི་ཀུང་ཟི་མང་བོས་ཨན་ཀི་ལཱའི་ས་གནས་དངུལ་ཁང་ནས་མེ་སྒོར་སོགས་ཕྱི་དངུལ་ལེན་ཐབས་མེད་པར་སྡུག་དམེ་འདོན་བཞིན་ཡོད་པ་དང་། ཨ་ཧྥེ་རི་ཁ་གསར་སྤེལ་དངུལ་ཁང་གིས་འདོན་སྤྲོད་བྱས་པའི་དངུལ་བུན་དེས་ཨན་ཀི་ལཱའི་དངུལ་ཁང་དུ་ཕྱི་དངུལ་དཀོན་པའི་གནད་དོན་ཐག་གཅོད་བྱེད་པར་ཕན་ཐོགས་འབྱུང་ངེས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག