མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཱ་ལིའི་ཕྱོགས་ཁག་སོ་སོས་གྲོས་མོལ་འཕེལ་རིམ་གྱི་ལམ་ཐིག་འཆར་གཞི་དངོས་འབེབ་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-30 10:43

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་ཀྲུའུ་ཞིའི་གསལ་སྒྲོག་སྤེལ་ཏེ། མཱ་ལིའི་ཕྱོགས་ཁག་སོ་སོས་ཚེས་ཉེར་བཞིའི་ཉིན་བཀོད་པའི་གྲོས་མོལ་འཕེལ་རིམ་གྱི་ལམ་ཐིག་འཆར་གཞི་དངོས་འབེབ་བྱེད་དགོས་པ་དང་། ཞོར་དུ་དེའི་སྔོན་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་སྣ་ཚོགས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕྱོགས་སོ་སོས་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་ཨར་ཅིར་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱས་པར་གཟེངས་བསྟོད་བྱས་པར་མ་ཟད། གྲོས་མོལ་གྱི་ཐབས་ལ་བརྟེན་ནས་གྲོས་མོལ་འཕེལ་རིམ་གྱི་ལམ་ཐིག་འཆར་གཞི་ལ་གྲོས་འཆམ་བྱུང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕྱོགས་སོ་སོས་ལམ་ཐིག་འཆར་གཞི་ལས་བསྟན་པའི་དམ་བཅའ་སྣ་ཚོགས་བརྩི་སྲུང་བྱས་ཏེ། ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན་ཨར་ཅིར་ནས་ཞི་བའི་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག