མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨར་ཅི་རི་ཡཱ་ཡིས་ཅཱ་ཧྲ་ས་ཁུལ་གྱི་མི་དམངས་ལ་བྲེལ་མྱུར་རོགས་སྐྱོར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-31 10:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཙུང་ཐུང་པུའུ་ཐི་ཧྥོ་ལེ་ཁཱ་ཡིས་ཉིན་དེར་ཅཱ་ཧྲ་ས་ཁུལ་གྱི་མི་དམངས་ལ་མེ་སྒོར་བྱེ་བ་གཉིས་དང་ས་ཡ་ལྔའི་བྲེལ་མྱུར་རོགས་སྐྱོར་བྱེད་རྒྱུ་ཐག་བཅད་ཟེར།

ཉིན་དེར་པུའུ་ཐི་ཧྥོ་ལེ་ཁཱ་ཡིས་ད་རུང་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་ཁཱ་ཐར་གྱི་མགོ་གཙོ་ཐཱ་མུས་མུའུ་གཉིས་ལ་ཁ་པར་བ་ཏང་སྟེ། ཨ་རབ་རྒྱལ་ཁབ་ཀྱིས་གཅིག་བསྡུས་ཀྱི་འགུལ་སྐྱོད་སྤེལ་ཏེ་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བར་བཀག་འགོག་བྱེད་པར་གྲོས་བསྡུར་བྱས།

ཨར་ཅི་རི་ཡཱའི་དཔོན་ཕྱོགས་སྨྱན་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨར་ཅི་རི་ཡཱའི་སྲིད་གཞུང་གིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གྱི་ཉིན་གུང་དུས་ཚོད་བཅུ་གཉིས་ནས་བཟུང་རྒྱལ་ཡོངས་ཀྱིས་སྐར་མ་གང་རིང་མྱ་ངན་ཞུ་བ་དང་། གཞུང་དང་སྒེར་གྱི་ལས་ཁུངས་ཚང་མས་སྐར་མ་ལྔའི་རིང་བྱ་བའི་ལས་མཚམས་བཞག་སྟེ། སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཁྲོད་ཤི་རྨས་ཐེབས་པའི་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་མྱ་ངན་དང་རྗེས་དྲན་ཞུ་རྒྱུ་ཐག་བཅད་ཡོད།

བསྡོམས་རྩིས་བྱས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཟླ་བདུན་པའི་ཚེས་བརྒྱད་ཉིན་ནས་བཟུང་རྣོ་དབལ་སྲུང་བའི་འགུལ་སྐྱོད་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་མི་སྟོང་གཅིག་དང་སུམ་བརྒྱ་བཞི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་བདུན་དང་དྲུག་བརྒྱ་ལྷག་ལ་རྨས་ཕོག དེའི་མང་ཆེ་བ་མི་སེར་དཀྱུས་མ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག