མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་དབྱི་རག་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ་དབྱི་རག་ནང་ཁུལ་གྱི་དབང་ཤུགས་འཐབ་རྩོད་ཇེ་སྡུག་ཏུ་སོང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-12 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་བཅུ་ཉིན། ཨ་མེ་རི་ཁས་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་མུ་མཐུད་དུ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། དྲག་ཆས་དངོས་སྐྱེལ་རླངས་འཁོར་འགའ་དང་མེ་སྒྱོགས་འཐབ་ར་ཞིག་གཏོར། དབྱི་རག་གི་ཁུའུ་ཨར་ཏི་དྲག་ཆས་པས་ཉིན་དེར་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཨེ་ཨར་པུས་ལེ་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་བཅུ་ཕྲག་འགའི་མཚམས་སུ་ཡོད་པའི་མེད་ཧི་མུའུ་ཨར་གྲོང་རྡལ་དང་ཀུའུ་ཝེ་ཨར་གྲོང་རྡལ་ཡང་བསྐྱར་འཕྲོག་ལེན་བྱས། བྱང་ཕྱོགས་ཀྱི་ཛ་དྲག་གི་གནས་བབ་དང་བསྡུར་ན། རྒྱལ་ས་པཱ་ཀ་ཏཱའི་གནས་བབ་དེ་ལས་ཀྱང་ཚབས་ཆེན་ཡིན་ཞིང་། ནེ་ཀིའི་རྩ་འཛུགས་གནད་དོན་ལ་དམིགས་ཏེ་ཙུང་ཐུང་དང་ཙུང་ལིའི་བར་གྱི་འགལ་བ་ཉིན་རེ་བིཞན་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། པཱ་ཀ་ཏཱའི་བདེ་འཇགས་དོགས་ཟོན་མངོན་གསལ་གྱིས་ཤུགས་སྣོན་བྱས་ཡོད།

ཚེས་བཅུ་ཉིན་གྱི་དགོང་མོར། དབྱི་རག་གི་ཙུང་ལི་མཱ་ལེ་ཅི་ཡིས་བརྙན་འཕྲིན་ཁ་པར་གཏམ་བཤད་སྤེལ་ཏེ། ཙུང་ཐུང་མཱ་སུའུ་མུའུ་ཡིས་གཏན་འཁེལ་གྱི་དུས་ཚོད་ནང་མཱ་ལེ་ཅི་ཡོད་སའི་ཁྲིམས་སྐྱོང་རྒྱལ་ཁབ་མནའ་འབྲེལ་གྱིས་རྒྱལ་དམངས་གྲོས་ཁང་གི་ཆེས་ཆེ་བའི་ཏང་ཁག་ཡིན་པ་ཁྱབ་སྒྲོག་བྱས་ཏེ་ཁོས་ནེ་ཀི་གསར་བ་འཛུགས་པར་བཀའ་བཀོད་གནང་མེད་ལ། བསམ་བཞིན་དུ་རྩ་ཁྲིམས་དང་འགལ་བའི་བྱ་སྤྱོད་དེས་དབྱི་རག་གི་མཐུན་སྒྲིལ་དང་བདག་དབང་། རང་བཙན་བཅས་ལ་གནོད་པ་ཚབས་ཆེན་འབྱུང་ངེས་རེད་ཟེར། དེའི་དབང་གིས་མཱ་ལེ་ཅི་ཡིས་རྒྱལ་ཕྲན་མཉམ་འབྲེལ་གྱི་ཁྲིམས་ཁང་ལ་མཱ་སུའུ་མུའུ་དངོས་སུ་ཞུ་གཏུག་བྱེད་རྒྱུ་རེད།

དབྱི་རག་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། དབྱི་རག་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་གིས་ཉིན་དེར་ཐག་གཅོད་བྱས་དོན། མཱ་ལེ་ཅི་ཡིས་མགོ་ཁྲིད་པའི་ཁྲིམས་སྐྱོང་རྒྱལ་ཁབ་མནའ་འབྲེལ་དེ་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་གི་ཆེས་ཆེ་བའི་ཏང་ཁག་ཏུ་གཏན་འཁེལ་བྱས། ཆོད་དོན་དེ་མཱ་ལེ་ཅི་ཡིས་བསྟུད་མར་ཙུང་ལིའི་འགན་ཁུར་བར་ཕན་ཐོགས་འབྱུང་ངེས་རེད་ཟེར། དབྱི་རག་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཉིན་དེར་ད་རུང་བཤད་རྒྱུར། མཱ་སུའུ་མུའུ་ཡིས་ཉིན་དེར་རྒྱལ་དམངས་གྲོས་ཁང་ཧྲི་ཡེ་ཕྱོགས་ཁག་ཏང་རྒྱལ་ཡོངས་མནའ་འབྲེལ་གྱིས་མིང་བཏོན་པའི་ཙུང་ཐུང་འདེམ་སྒུག་པ་ཨ་པཱ་ཏིས་ཀྱིས་ནེ་ཀི་གསར་བ་རྩ་འཛུགས་བྱེད་དགོས་པའི་ངག་བཅོལ་བྱས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག