མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་ཨེ་ཅིབ་ཀྱིས་དམག་དོན་ལག་རྩལ་དང་དཔལ་འབྱོར་མཉམ་ལས་རྒྱ་བསྐྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-13 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དང་ཨེ་ཅིབ་ཀྱིས་ཚེས་བཅུ་གཉིས་ཉིན་རྒྱལ་ཁབ་གཉིས་ཀྱི་དམག་དོན་ལག་རྩལ་མཉམ་ལས་ཐད་ནས་གྲོས་མཐུན་བཀོད་པ་དང་། ཞོར་དུ་དཔལ་འབྱོར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་རྒྱུའི་འཆར་གཞི་ཡོད།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སོ་ཆི་ནས་འཚམས་འདྲིར་ཡོང་བའི་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་གྲོས་མོལ་བྱས། ཕུའུ་ཅིན་གྱིས་གྲོས་མོལ་མཇུག་སྒྲིལ་རྗེས་གསར་འགྱུར་ལས་རིགས་ལ་ཁྱབ་སྒྲོག་བྱས་དོན། ཨུ་རུ་སིས་མིག་སྔར་ཨེ་ཅིབ་ལ་མཚོན་ཆ་འདོན་སྤྲོད་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མཉམ་ལས་དེ་རིགས་རྒྱ་བསྐྱེད་པར་གྲོས་མཐུན་བྱུང་ཡོད་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཨེ་ཅིབ་ཀྱིས་ཨུ་རུ་སིའི་ཞིང་ཞོར་ཐོན་རྫས་ཀྱི་ཕྱིར་གཏོང་བརྒྱ་ཆའི་སུམ་ཅུ་ཇེ་མང་དུ་བཏང་བ་དང་། ཉེ་སྔོན་ད་རུང་བརྒྱ་ཆའི་སུམ་ཅུ་ཇེ་མང་དུ་གཏོང་རྩིས་ཡོད། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་ཏེ་ཨེ་ཅིབ་ཞིང་ཞོར་ཐོན་རྫས་ཨུ་རུ་སིའི་ཚོང་རར་ཞུགས་པའི་ལས་རིམ་སྟབས་བདེར་བཟོ་རྒྱུ་ཐག་བཅད་ཟེར།

ཨུ་རུ་སིའི་ཞིང་ལས་པུའུ་ཀྲང་ཧྥེ་ཨོ་ཏའོ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨེ་ཅིབ་ཀྱིས་ཞིང་ཞོར་ཐོན་རྫས་ཀྱི་མཁོ་འདོན་ཇེ་མང་དུ་བཏང་རྗེས། ཨུ་རུ་སི་ཡིས་བཀག་སྡོམ་བྱེད་ཐབས་ལ་རྒོལ་བའི་དབང་གིས་ནུབ་ཕྱོགས་རྒྱལ་ཁབ་ནས་ནང་འདྲེན་བྱེད་མཚམས་བཞག་པའི་སྔོ་ཚལ་དང་སིལ་ཏོག་སྐོར་ཞིག་ཁ་གསབ་བྱེད་ཐུབ་ཟེར།

ཕུའུ་ཅིན་གྱིས་ཉིན་དེར་ད་རུང་བཤད་རྒྱུར། ཨུ་རུ་སི་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱིས་གནས་སྐོར་བརྗེ་རེས་ཀྱི་གཞི་རྒྱ་ཇེ་ཆེར་གཏོང་རྒྱུའི་རེ་བ་ཡོད་པ་དང་། རང་དབང་ཉོ་ཚོང་ས་ཁུལ་འཛུགས་པའི་བྱེད་ཐབས་ལ་ཞིབ་འཇུག་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་ཨེ་ཅིབ་དང་ཨུ་རུ་སི། ཨུ་རུ་སི་དཀར་པོ། ཧཱ་སག་སི་ཐན་བཅས་ཀྱི་སྒོ་ཁྲལ་མནའ་མཐུན་འཛུགས་པའི་ཐད་ནས་མཉམ་ལས་བྱེད་པར་གྲོས་མཐུན་བཀོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག