མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སོ་ཏི་ཨ་རབ་ཀྱིས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱིས་ཞི་བདེའི་གྲོས་མཐུན་འགོད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-13 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་གྱིས་ཚེས་བཅུ་གཉིས་ཉིན་བསྟན་དོན། གལ་ཏེ་དབྱི་སི་རལ་རྒྱལ་ཁབ་ཅིག་གི་ཆ་ནས་གནས་འདོད་ཡོད་ན། ངེས་པར་དུ་ཕཱ་ལེ་སི་ཐན་བར་ཞི་བདེའི་གྲོས་མཐུན་འགོད་དགོས་ཟེར།

ཧྥེ་སཱ་ཨར་གྱིས་ཉིན་དེར་སོ་ཏི་ཨ་རབ་ཀྱི་གྲོང་ཁྱེར་ཅི་ཏཱ་ནས་བསྡུས་པའི་ཅཱ་ཧྲའི་གནད་དོན་སྐོར་གྱི་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་སྟེང་བཤད་རྒྱུར། དབྱི་སི་རལ་གྱིས་ཞི་བདེ་མངོན་འགྱུར་བྱེད་པ་ནི་རང་ཉིད་ཀྱི་འཚོ་སྡོད་ཐག་གཅོད་པའི་བྱེད་ཐབས་ཉག་ཅིག་ཡིན་པ་ངེས་པར་དུ་གསལ་བོར་ཤེས་དགགོས་ཟེར།

སོ་ཏི་ཨ་རབ་དང་བཅས་པའི་ཨ་རབ་རྒྱལ་ཁབ་ཚང་མས་བསྟན་དོན། དབྱི་སི་རལ་གྱིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་དབུས་ཤར་འཐབ་འཁྲུག་ཁྲོད་བཙན་བཟུང་བྱས་པའི་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་ཡོད་ཚད་ཕྱིར་སྤྲད་ན། དེ་དག་གིས་དབྱི་སི་རལ་དང་ཞི་བདེའི་གྲོས་མཐུན་འགོད་རྒྱུ་ཡིན་ཟེར་ཡང་། དབྱི་སི་རལ་གྱིས་ཆ་རྐྱེན་དེར་གཏན་ནས་ཁས་ལེན་མ་བྱས།

ཧྥེ་སཱ་ཨར་གྱིས་ད་རུང་ཨ་རབ་མི་རིགས་ནང་ཁུལ་ནས་མཐུན་སྒྲིལ་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།

ཉིན་དེའི་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་གྲོལ་རྗེས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་མྱུར་དུ་ཕཱ་ལེ་སི་ཐན་གྱི་བཙན་བཟུང་མཚམས་འཇོག་པ་དང་། ཕཱ་ལེ་སི་ཐན་མི་དམངས་ལ་བཟོས་པའི་འཐབ་འཁྲུག་གི་ཉེས་པར་ཆབ་སྲིད་དང་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་པའི་རེ་བ་བཏོན། གསལ་སྒྲོག་ལས་ད་རུང་མྱུར་དུ་ཅཱ་ཧྲ་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་བསྡུས་ཏེ་ཅཱ་ཧྲའི་བསྐྱར་འཛུགས་ལ་རོགས་རམ་བྱེད་དགོས་པའི་གྲོས་གཞི་བཏོན།

མིག་སྔར། སོ་ཏི་ཨ་རབ་ཀྱིས་ཕཱ་ལེ་སི་ཐན་ལ་མེ་སྒོར་དུང་ཕྱུར་དྲུག་གི་བསྐྱར་འཛུགས་གྲོན་དངུལ་དང་མེ་སྒོར་བྱེ་བ་བརྒྱད་ཀྱི་སྨན་བཅོས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག