མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་གསར་བ་ཙོ་ཁི་ཡིས་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ལ་ཐུག་འཕྲད་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-13 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་ཉི་ཞི་ཡཱའི་ཡཱ་ཅཱ་ཏཱའི་ཧྲིན་ཀྲང་། ཙུང་ཐུང་གསར་བ་ཙོ་ཁི་ཡིས་ཚེས་བཅུ་གཉིས་ཉིན་གྲོང་སྲིད་ཚོམས་ཁང་ནས་འཚམས་འདྲིར་ཡོང་བའི་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཨན་ཐེན་ཝུན་ཞོང་ལ་ཐུག་འཕྲད་བྱས་པར་མ་ཟད། ཧིན་རྡུ་ཉི་ཞི་ཡཱ་དང་འཇར་པན་བར་གྱི་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་བཞུགས་མོལ་བྱས།

ཙོ་ཁི་ཡིས་ཐུག་འཕྲད་བྱས་རྗེས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་མ་འོངས་པའི་ཐད་ནས་གཙོ་བོ་ཕྱོགས་གསུམ་གྱི་མཉམ་ལས་འབྲེལ་བའི་ཐད་ནས་དུས་ཚོད་གཅིག་ལྷག་ལ་གྲོས་བསྡུར་བྱས། ཕྱོགས་གསུམ་གྱི་གྲོས་གཞི་ལ་ཧིན་རྡུ་ཉི་ཞི་ཡཱ་དང་འཇར་པན་གྱིས་མཚོ་ཐོག་མཉམ་ལས་ལ་ཤུགས་སྣོན་པ་དང་། དངུལ་གཏོང་གོ་སྐབས་ལ་འབྲེལ་བའི་གནད་དོན། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བཅས་ཡིན།

ཙོ་ཁི་ཡིས་བཤད་རྒྱུར། འཇར་པན་སྲིད་གཞུང་གིས་ཧིན་རྡུ་ཉི་ཞི་ཡཱའི་རྨང་གཞིའི་སྒྲིག་ཆས་ཀྱི་འཕེལ་རྒྱས་འཆར་གཞི་རེ་རེར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་འབྲེལ་བར་ཤུགས་སྣོན་རྩིས་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨན་ཐེན་ཝུན་ཞོང་གིས་ཡཱ་ཅཱ་ཏཱ་ནས་ཙོ་ཁི་ལ་ཁོས་གང་མགྱོགས་ཀྱིས་འཇར་པན་ལ་འཚམས་འདྲི་བྱེད་པར་གདན་ཞུ་བྱེད་པའི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱི་འཕྲིན་ཡིག་སྤྲད་པ་དང་། ཙོ་ཁི་ཡིས་གདན་ཞུ་དང་ལེན་བྱས་པའི་ཚུལ་བསྟན། ཨན་པའེ་ཅིན་སན་གྱིས་འཕྲིན་ཡིག་ནང་བསྟན་དོན། ཞི་བདེ་རིང་ལུགས་ཀྱི་རྩ་དོན་འོག ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་ཆེད་ཧིན་རྡུ་ཉི་ཞི་ཡཱའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་པའི་རེ་བ་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟ་རན། ཙོ་ཁི་ལ་ཟླ་བདུན་པའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་དང་། ཟླ་བཅུ་བར་ལས་འགན་དངོས་སུ་འཁུར་རྒྱུ་རེད། འཇར་པན་གྱིས་ཁོ་འཇར་པན་དུ་འཚམས་འདྲིར་གདན་འདྲེན་ཞུས་ཏེ་ཧིན་རྡུ་ཉི་ཞི་ཡཱའི་སྐབས་རྗེས་མའི་སྲིད་གཞུང་བར་མཛའ་མཐུན་འབྲེལ་བ་འཛུགས་པར་རེ་བ་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག