མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སོ་ཏི་ཨ་རབ་ཀྱི་རྒྱལ་བོས་དབྱི་རག་གིས་ཙུང་ལི་གསར་བ་བདམས་པར་རྟེན་འབྲེལ་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-13 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་ཡིས་ཚེས་བཅུ་གཉིས་ཉིན་དབྱི་རག་གི་ཙུང་ལི་གསར་བ་ཨ་པཱ་ཏིས་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། ཁོ་མཱ་ལེ་ཅི་ཡི་ཚབ་ཏུ་དབྱི་རག་གི་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལིར་གྱུར་བར་རྟེན་འབྲེལ་ཞུས།

ཨ་པུའུ་ཏུའུ་ལཱ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར། དབྱི་རག་གིས་ཨ་པཱ་ཏིས་ཀྱི་མགོ་ཁྲིད་འོག་ཆོས་ལུགས་ཕྱོགས་ཁག་སོ་སོ་དང་རིགས་སོ་སོའི་མི་དམངས་བར་གྱི་མཐུན་སྒྲིལ་སླར་གསོ་བྱས་ཏེ། རྒྱལ་ཁབ་ཀྱི་གཅིག་གྱུར་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན།

སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་གྱིས་ཉིན་དེར་སོ་ཏི་ཨ་རབ་ནུབ་ཕྱོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་ཅི་ཏཱ་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཞིག་གི་སྟེང་ཨ་པཱ་ཏིས་ཀྱིས་དབྱི་རག་གི་ཙུང་ལིའི་འགན་ཁུར་བ་དེ་དོན་བཟང་ཞིག་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག