མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཤ་ཡ་གླིང་གི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཝེ་ཧའེ་རུ་བརྒྱུད་སྤྲོད་བྱས་ཏེ་ས་ཁོངས་ཕྱིར་དཔལ་འབར་བརྒྱུད་སྤྲོད་བྱེད་པའི་ལོ་རྒྱུས་གསར་དུ་གཏོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-13 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་བདུན་པའི་རེན་ཁྲོན་ཨེ་ཤ་ཡ་གླིང་གི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་སྤྱི་ཚེས12ཉིན་ཧྲན་ཏུང་ཝེ་ཧའེ་རུ་ལེགས་གྲུབ་ལྡན་པའི་སྒོ་ནས་བརྒྱུད་སྤྲོད་བྱས་ཡོད་པ་རེད།

 རེན་ཁྲོན་ཨེ་ཤ་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་གྱི་མེ་སོན་ནི་སྤྱི་ཚེས9ཉིན་སྐབས་དང་པོའི་ཨེ་ཤ་ཡ་གླིང་གི་ལུས་རྩལ་འགྲན་ཚོགས་གཉེར་ས། རྒྱ་གར་གྱི་ཐི་ལི་གསར་པ་ནས་ལེན་པ་ཞིག་ཡིན་པ་དང་། དེ་ནི་ཨེ་ཤ་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་སྦྱིན་བདག་རྒྱལ་ཁབ་མིན་པའི་ས་ཁོངས་གཞན་དུ་མེ་སོན་ལེན་ཐེངས་དང་པོ་དེ་ཡང་ཡིན་ཞིང་། དེའི་དམིགས་ཡུལ་ནི་ལོ་རྒྱུས་ལ་བརྩི་བཀུར་ཞུ་ཆེད་ཡིན། མེ་སོན་ལེགས་གྲུབ་ལྡན་པའི་སྒོ་ནས་ལེན་ཟིན་རྗེས་ཐོག་མར་ཐི་ལི་གསར་པར་བརྒྱུད་སྤྲོད་བྱེད་འགོ་ཚུགས་པ་དང་། དེ་རྗེས་གནམ་གྲུ་བརྒྱུད་ཝེ་ཧའེ་རུ་འཁྱེར་འོང་བ་དང་། སྐམ་སའི་ཐོག་བརྒྱུད་སྤྲོད་བྱས་ཟིན་རྗེས། ཝེ་ཧའེ་ནས་རེན་ཁྲོན་དུ་བསྐྱོད་མཁན་འགྲུལ་སྐྱེལ་གྲུ་གཟིངས་བརྒྱུད་རྒྱ་མཚོ་ཆེན་པོ་བརྒལ་ཏེ་སྤྱི་ཚེས13ཉིན་ལྷོ་ཁོ་རེ་ཡའི་རེན་ཁྲོན་དུ་འབྱོར་ཡོད་པ་རེད།

ཝེ་ཧའེ་དང་ལྷོ་ཁོ་རེ་ཡའི་བར་རྒྱ་མཚོ་གཅིག་ཆོད་ཡོད་པ་དང་། ཀྲུང་གོ་ནས་ལྷོ་ཁོ་རེ་ཡའི་བར་མཚོ་ཐོག་ནས་བསྐྱོད་སའི་ས་ཐག་ཉེ་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་ལ། ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་སྤེལ་རེས་དང་མཉམ་ལས་ཀྱི་སྐར་ཁུང་ལྟ་བུ་ཡང་ཡིན། ཨེ་ཤ་ཡ་གླིང་ཨའོ་ལིན་ཕིག་ཁེ་ལས་འཛིན་ལྷན་ཚོགས་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུད་ཀྱིས་ཆོག་མཆན་གནང་བ་བརྒྱུད། སྐབས་འདིའི་རེན་ཁྲོན་ཨེ་ཤ་ཡ་གླིང་གི་ལུས་རྩལ་འགྲན་ཚོགས་ཀྱིས་ཝེ་ཧའེ་དེ་ཀྲུང་གོར་དཔལ་འབར་བརྒྱུད་སྤྲོད་བྱེད་སའི་གྲོང་ཁྱེར་ཉག་ཅིག་ཏུ་གཏན་འཁེལ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག