མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་གྱིས་དབྱི་རག་ལ་མཚོན་ཆ་མང་བོ་འདོན་སྤྲོད་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-26 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་དམག་བཀོལ་སྐྱེལ་འདྲེན་གནམ་གྲུ་ཞིག་ཚེས་ཉེར་བཞིའི་ཉིན་གྱི་སྔ་དྲོར་འཇར་མན་གྱི་གྲོང་ཁྱེར་ལེ་པུས་ཞེ་དང་བྲལ་ནས་དབྱི་རག་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་ས་ཁུལ་དུ་ཆས། གནམ་གྲུའི་སྟེང་དུ་མཚོན་ཆ་མང་བོ་དྲུད་ཡོད་ལ། ས་དེའི་དྲག་ཆས་པ་ཁུའུ་ཨར་ཏི་རང་དབང་འཐབ་མོ་བས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རིང་ལུགས་ལ་ཆམ་ཕབ་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་རེད། གནམ་གྲུ་དེར་དྲུད་པའི་མཚོན་ཆ་ལ་ཁྱེར་བར་སྟབས་བདེ་བའི་ཐན་ཁི་ལ་རྒོལ་བའི་མེ་ཤུགས་འཕུར་མདའ་ལྔ་བཅུ་དང་། མེ་ཤུགས་འཕུར་མདའི་མདེལ་མང་བོ། མེ་མདའ་ལྔ་བརྒྱ་དང་ཉི་ཤུ། བསྟུད་རྒྱག་མེ་མདའ་ཉི་ཤུ་བཅས་ཡོད། དེ་ནི་འཇར་མན་གྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་པར་ཆམ་ཕབ་གཏོང་བའི་ཐད་ནས་དབྱི་རག་ལ་སྐྱེལ་བའི་མཚོན་ཆ་སྐོར་དང་པོ་རེད། འཇར་མན་གྱིས་ཟླ་བཅུ་བའི་ཟླ་མགོར་ཡང་བསྐྱར་མཚོན་ཆ་སྐོར་ཞིག་སྐྱེལ་བའི་འཆར་གཞི་ཡོད། མཚོན་ཆ་དེ་དག་ནི་འཇར་མན་དམག་ཆས་མཛོད་ཁང་གི་དངོས་པོ་ཡིན་པ་དང་། སྤྱིའི་རིན་ཐང་ཡོ་རོབ་གླིང་གི་སྒོར་མོ་བྱེ་བ་བདུན་ཙམ་ཡིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག