མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅིན་ཀྲིན་ཨིན་ཆེས་མཐོའི་མི་དམངས་གྲོས་ཚོགས་ལ་ཞུགས་མེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-26 11:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་གྱི་ཆེས་མཐོའི་མི་དམངས་གྲོས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ཚེས་ཉེར་ལྔ་ཉིན་ཕེན་རང་ཝན་ཧྲིག་ཐེའི་གྲོས་ཚོམས་ཁང་ནས་སྤེལ། གྲོས་ཚོགས་ནས་ལོ་བཅུ་གཉིས་ལམ་ལུགས་ཀྱི་འོས་འགན་སློབ་གསོ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྲོས་ཚོགས་ལ་ཞུགས་མེད།

ཁྲའོ་ཞན་ནེ་ཀིའི་ཙུང་ལི་ཕེའོ་ཧྥུན་ཀྲུའུ་ཡིས་གྲོས་ཚོགས་སྟེང་ལོ་བཅུ་གཉིས་ལམ་ལུགས་ཀྱི་འོས་འགན་སློབ་གསོ་ལག་བསྟར་བྱེད་པའི་སྙན་ཞུ་ཕུལ། ཕེའོ་ཧྥུན་ཀྲུའུ་ཡིས་བསྟན་དོན། དགེ་རྒན་གྱི་དཔུང་སྡེ་རྒྱ་བསྐྱེད་བྱེད་པ་དང་དགེ་རྒན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ལག་རྩལ་མཐོ་འབྲིང་ཚོད་ལྟའི་ཚུལ་དུ་བསྒྲུབ་པའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབས་པ། འབྲིང་རིམ་སློབ་གསོ་དེ་རིམ་པ་མཐོན་པོའི་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གང་ལེགས་བྱེད་དགོས་པའི་རེ་བ་བཏོན།

ཅིན་ཀྲིན་ཨིན་གྱིས་གྲོས་གཞི་བཏོན་པ་ལྟར། གྲོས་ཚོགས་ནས་ཧོང་པེན་ཧྲི་ཁྲའོ་ཞན་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། ཞོན་ཡུང་ཀྲི་དང་ལིས་པེན་ཀྲི་གཉིས་ཁྲའོ་ཞན་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་གསབ་འདེམ་བྱས། ལས་འགན་ལ་འགྱུར་ལྡོག་བྱུང་བའི་དབང་གིས་ཚོས་ལུང་ཧེ་ཡི་ཁྲའོ་ཞན་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་ལས་འགན་བླངས་པ་དང་། ཀྲང་ཀྲིན་ནན་གྱི་ཁྲའོ་ཞན་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ལས་འགན་བླངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག