མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པ་མཱས་ཨ་མེ་རི་ཁའི་མི་གཏའ་ཁཱ་ཞི་ཀི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དམར་གསོད་བཏང་བར་བདེན་དཔང་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-17 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མཱ་ཡིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ནས། ཨ་མེ་རི་ཁའི་མི་གཏའ་ཁཱ་ཞི་ཀི་ཟེར་བ་དེ་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་དམར་གསོད་བཏང་བར་བདེན་དཔང་བྱས་པ་མ་ཟད། ཁཱ་ཞི་ཀི་ཡི་ཁྱིམ་མི་ལ་འཚམས་འདྲི་དང་མྱ་ངན་ཞུས།

ཨོ་པ་མཱ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། གདུག་རྩུབ་ཅན་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་སྙིང་རྗེ་དང་བྲལ་བའི་སྒོ་ནས་ཁཱ་ཞི་ཀི་དམར་གསོད་བཏང་བ་རེད། ཨ་མེ་རི་ཁའི་སྲིད་གཞུང་གིས་ཁཱ་ཞི་ཀི་ཡི་ཁྱིམ་མི་ལ་འཚམས་འདྲི་དང་མྱ་ངན་ཞུས་པ་ཡིན་ཟེར།

ཨོ་པ་མཱ་ཡིས་ཁཱ་ཞི་ཀི་ནི་སི་རི་ཡའི་དམག་འཁྲུག་ཁྲོད་ཀྱི་རྨས་མར་རོགས་སྐྱོབ་བྱེད་མཁན་ཞིག་ཡིན་ལ། ཁོ་ནི་མི་ཆོས་རིང་ལུགས་པ་ཞིག་ཡིན་ཞེས་བཤད།

ཁཱ་ཞི་ཀི་ནི་ཟླ་འགའི་རིང་ལ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དམར་གསོད་བཏང་བའི་ཨ་མེ་རི་ཁའི་མི་གཏའ་གསུམ་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག