མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་ཁུའུ་ཨར་ཏི་རིགས་རང་སྐྱོང་ཁུལ་གྱི་མགོ་ཁྲིད་པ་དང་ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་དཔོན་པོའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འགོག་རྒོལ་བྱེད་པར་གྲོས་བསྡུར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-17 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཁུའུ་ཨར་ཏི་དམངས་གཙོ་ཏང་གིས་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ནས། ཁུའུ་ཨར་ཏི་རང་སྐྱོང་ཁུལ་གྱི་མགོ་ཁྲིད་པ་པ་ཨར་ཀྲ་ཉི་ཡིས་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་དཔོན་པོའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏིན་ཕུའུ་ཞི་ལ་གྲོས་མོལ་བྱས་པ་མ་ཟད། མཉམ་ལས་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འགོག་རྒོལ་བྱེད་པའི་དོན་དག་གི་སྐོར་གྲོས་བསྡུར་བྱས་ཟེར།

གསལ་སྒྲོག་ནང་དུ། ཏིན་ཕུའུ་ཞི་ཡིས་གྲོས་མོལ་བྱེད་སྐབས། ཁོའི་ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་ནི་གཡུལ་སའི་གནས་ཚུལ་ལ་སྔར་ལས་རྒྱུས་ལོན་བྱེད་རྒྱུ་མ་ཟད། པ་ཨར་ཀྲ་ཉི་ཡིས་བཏོན་པའི་ཨ་མེ་རི་ཁའི་དམག་དཔུང་གིས་མུ་མཐུད་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་བར་སྣང་ནས་འཇབ་རྒོལ་བྱེད་པའི་དགོས་མཁོ་དང་གྲོས་གཞི་ལ་ཉན་རྒྱུ་དེ་ཡིན་ཞེས་བཤད་ཅེས་བཀོད་ཡོད།

ཏིན་ཕུའུ་ཞི་ནི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར་དབྱི་རག་གི་རྒྱལ་ས་པ་ཀི་ཏ་ནས་ཁུའུ་ཨར་ཏི་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་གཙོ་བོ་ཨེ་ཨར་པེ་ལེ་ལ་ཐོན་པ་དང་། ཁོས་ཁུའུ་ཨར་ཏི་རིགས་རང་སྐྱོང་ཁུལ་སྲིད་གཞུང་གི་ཙུང་ལི་པ་ཨར་ཀྲ་ཉི་དང་ཁུའུ་ཨར་ཏི་དྲག་ཆས་རྩ་འཛུགས་ཀྱི་དམག་དཔོན་ཁ་ཤས་ལ་ཐུག་འཕྲད་བྱས།

ཏིན་ཕུའུ་ཞི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་གློ་བུར་དུ་པ་ཀི་ཏ་ལ་ཐོན་ནས། དབྱི་རག་གི་ཙུང་ལི་ཨ་པ་ཏེ་དང་རྒྱལ་སྲུང་དཔོན་པོ་ཨོ་པེ་ཏེ་སོགས་ལ་གྲོས་མོལ་བྱས། དབྱི་རག་ཙུང་ལི་བཞུགས་ཤག་གིས་གྲོས་མོལ་གྱི་རྗེས་སུ་གསལ་སྒྲོག་ཅིག་སྤེལ་ནས། ཏིན་ཕུའུ་ཞི་ཡིས་ཨ་མེ་རི་ཁས་མུ་མཐུད་དུ་དབྱི་རག་གི་དམག་དཔུང་ལ་མཚོན་ཆ་དང་སྦྱོང་བརྡར། བར་སྣང་འཇབ་རྒོལ་བཅས་ཀྱི་ཐད་ནས་རོགས་རམ་བྱེད་རྒྱུ་ཡིན་ཞེས་བཤད་ཅེས་བསྒྲགས།

ད་ལོའི་ཟླ་དྲུག་པའི་ཚུན་ལ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་བཅས་པའི་དབྱི་རག་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཀྱིས་དབྱི་རག་གི་བྱང་ཕྱོགས་དང་ནུབ་ཕྱོགས་ཀྱི་མངའ་ཁོངས་མང་བོ་བཙན་བཟུང་བྱས། དབྱི་རག་བདེ་འཇགས་དམག་དཔུང་དང་ཁུའུ་ཨར་ཏི་རིགས་ཀྱི་དྲག་ཆས་རྩ་འཛུགས་ཀྱིས་ཨ་མེ་རི་ཁས་མགོ་ཁྲིད་པའི་རྒྱལ་སྤྱིའི་མཉམ་འབྲེལ་དམག་དཔུང་གི་བར་སྣང་གཞོགས་འདེགས་འོག་ཏུ་བསྟུད་མར་དྲག་ཆས་མི་སྣ་ཆམ་ཕབ་བཏང་བ་མ་ཟད། ལག་ནས་ཤོར་བའི་ས་ཆ་སྐོར་ཞིག་ཕྱིར་བླངས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག