མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མ་ལེ་ཞི་ཡ་མཁའ་འགྲུལ་ཀུང་སིའིMH17རྟགས་ཅན་གྱི་གནམ་གྲུའི་ཆག་རོ་འཚོལ་བའི་ལས་དོན་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-18 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། MH17རྟགས་ཅན་གྱི་གནམ་གྲུ་ལྷུང་བའི་རྟག་དཔྱད་ལས་དོན་གཙོ་བོ་བྱེད་མཁན་ཧོ་ལན་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚེས16ཉིན་གསལ་བསྒྲགས་སྤེལ་བའི་ནང་། མ་ལེ་ཞི་ཡ་མཁའ་འགྲུལ་ཀུང་སིའི་MH17རྟགས་ཅན་གྱི་གནམ་གྲུའི་ཆག་རོ་འཚོལ་བའི་ལས་དོན་ཉིན་དེ་རང་ལ་ཨུ་ཁེ་ལན་ཤར་ངོས་ཀྱི་ཏུན་ཉི་ཚེ་ཁེ་མངའ་སྡེའི་གནམ་གྲུ་ལྷུང་ས་དངོས་སུ་འགོ་ཚུགས་ཡོད་པ་རེད།

 ཧོ་ལན་ཕྱོགས་ཀྱི་མི་སྣ་དང་ཡོ་རོབ་གླིང་གི་བདེ་འཇགས་དང་མཉམ་ལས་སྒྲིག་འཛུགས་ཀྱི་དཔོན་རིགས་ནས་ལྟ་སྐུལ་བྱས་པའི་འོག་ཨུ་ཁེ་ལན་ཤར་ངོས་ཀྱི་དམངས་ཁྲོད་དྲག་ཆས་ནས་བཏང་བའི་རུ་ཁག་གི་རུ་མིས་ཉིན་དེ་རང་ལ་གནམ་གྲུ་ལྷུང་ས་དངོས་སུ་ཆག་རོ་འཚོལ་འགོ་ཚུགས་ཡོད་པ་རེད། གནམ་གྲུ་ལྷུང་ས་དངོས་སུ་ལྗིད་འདེགས་འཕྲུལ་འཁོར་གྱིས་གནམ་གྲུའི་ཆག་རོ་རྣམས་ཟོག་འདྲེན་རླངས་འཁོར་ནང་བླུགས་པ་དང་སྐྱེལ་འདྲེན་བྱེད་བདེ་ཡོང་ཆེད་ཆག་སྒོ་ཆེ་བ་ཁག་ཆུང་དུ་བཏང་ཡོད་པ་དང་ཆག་རོ་འཚོལ་བསྡུ་བྱེད་པའི་འགན་ཁུར་མཁན་ཏུན་ཉི་ཚེ་ཁེའི་ཛ་དྲག་གནས་ཚུལ་སྡེ་ཁག་གི་དཔོན་རིགས་ནས་འཚོལ་བསྡུའི་ལས་དོན་ཉིན་བཅུའི་ནང་ལེགས་སྒྲུབ་ཡོང་བཟོ་འདུག་ཅེས་བཤད་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག