མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་མནའ་འབྲེལ་གྱིས་འབྲེལ་ཡོད་ཕྱོགས་ཁག་ནས་མེང་སི་ཁེའི་གྲོས་ཆོད་ལག་བསྟར་བྱེད་དགོས་པའི་རེ་འབོད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-18 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་མནའ་འབྲེལ་གྱིས་སྤྱི་ཚེས17ཉིན་འབྲེལ་ཡོད་ཕྱོགས་ཁག་ནས་མེང་སི་ཁེའི་གྲོས་ཆོད་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པའི་རེ་འབོད་བྱས་པ་དང་དུས་མཚུངས་དམག་མཚམས་འཇོག་རྒྱུར་བརྩི་འཇོག་དང་ཁྲིམས་འགལ་དྲག་ཆས་དང་དམག་དོན་སྒྲིག་ཆས་ཕྱིར་འཐེན་བྱེད་པ། ཨུ་རུ་སུ་དང་ཨུ་ཁེ་ལན་གྱི་མཐའ་མཚམས་བདེ་འཇགས་འགན་སྲུང་བཅས་བྱེད་དགོས་པའི་རེ་འབོད་བྱས་འདུག ཡོ་རོབ་མནའ་འབྲེལ་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གྲོས་ཚོགས་དེ་ཉིན་དེ་རང་དུ་པུ་ལུ་སེར་དུ་སྐོང་འཚོགས་བྱས་པ་དང་། གྲོས་ཚོགས་གྲོལ་རྗེས་ཁྱབ་སྤེལ་བྱས་པའི་གྲུབ་འབྲས་ཡིག་ཆར་གཞིགས་ན། ཡོ་རོབ་མནའ་འབྲེལ་ཕྱི་འབྲེལ་པུའུ་ཀྲང་གིས་ཨུ་ཁེ་ལན་གྱི་མིག་སྔའི་དུས་བབ་ལ་དཔྱད་དཔོག་བྱས་པ་དང་། ཡོ་རོབ་མནའ་འབྲེལ་གྱི་ཕྱི་ཕྱོགས་བྱ་སྤྱོད་ཧྲུའུ་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཨུ་ཁེ་ལན་གྱི་ཤར་རྒྱུད་དྲག་ཆས་པ་སྔར་བས་མང་བ་བཀག་འདོམས་བྱེད་ཡུལ་ནང་འཇུག་རྒྱུའི་གྲོས་གཞི་བཏོན་པ་དང་། ཡོ་རོབ་མནའ་འབྲེལ་གྱིས་ཟླ་མཇུག་གོང་དོན་དེའི་ཐད་གཏན་འབེབས་བྱེད་དགོས་པའི་རེ་འབོད་བྱས་འདུག

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག