མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་ཁབ25ཡི་འཛམ་གླིང་ཡུལ་སྐོར་གྲོང་ཁྱེར་གྱི་གྲོང་སྤྱིའི་མནའ་འབྲེལ་དེ་ཀྲེན་ཀྲོའུ་རུ་དབུ་བརྙེས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-18 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ25ཡི་ཡུལ་སྐོར་གྲོང་ཁྱེར་གྱི་གྲོང་སྤྱིས་ཐུན་མོང་ཐོག་གྲུབ་པའི་འཛམ་གླིང་ཡུལ་སྐོར་གྲོང་ཁྱེར་གྱི་གྲོང་སྤྱིའི་མནའ་འབྲེལ་དེ་སྤྱི་ཚེས16ཉིན་ཧོ་ནན་ཀྲེན་ཀྲོའུ་རུ་དབུ་བརྙེས་ཡོད་པ་རེད། དབྱིན་ཇི་དང་། ཨ་རི། ཁ་ན་ཏ། འཇར་མན། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་ནས་ཡིན་པའི་གྲོང་ཁྱེར་གྱི་གྲོང་སྤྱི་དང་དེ་བཞིན་འཐུས་ཚབ63གྱིས་ད་དུང་འཛམ་གླིང་ཡུལ་སྐོར་གྲོང་ཁྱེར་གྱི་གྲོང་སྤྱིའི་མནའ་འབྲེལ་སྤྱི་ཆིངས་ལ་མིང་རྟགས་བཀོད་ཡོད་པ་རེད། སྤྱི་ཆིངས་ལ་གཞིགས་ན། ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ཀྱིས་ཕན་ཚུན་བར་ཡིད་ཆེས་དང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱབ་ནས། གཞུང་དྲང་དང་། དྲང་བདེན། ཡ་རབས་ཚུལ་ལྡན། འཆམ་མཐུན་བཅས་ཀྱི་ཡུལ་སྐོར་ཁོར་ཡུག་བསྐྲུན་རྒྱུ་དང་། དེར་བརྟེན་ནས་འཛམ་གླིང་ཧྲིལ་པོའི་ཁྱབ་ཁོངས་ནང་ཡུལ་སྐོར་དང་གྲོང་ཁྱེར་རྒྱུན་མཐུད་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

སྤྱི་ཆིངས་ནང་། ཚན་རྩལ་དེ་གྲོང་ཁྱེར་གོང་འཕེལ་ནང་ཁྱབ་གདལ་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་གྱི་ཡུལ་སྐོར་ཁྲིམས་སྐྱོང་ཁོར་ཡུག་ཚད་ལྡན་བཟོ་བ། ཡུལ་སྐོར་ཐོན་རྫས་དང་ཞབས་ཞུ་ལེགས་སུ་གཏོང་བ། ཡ་རབས་ཚུལ་ལྡན་གྱི་ཡུལ་སྐོར་བྱ་རྒྱུ་དར་སྤེལ་གཏོང་བ་སོགས་བྱེད་དགོས་པ་བཏོན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག