ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་དྲུག་ཉིན་གྲོས་ཆོད་གཉིས་གཉིས་ཐིག་དགུ་ལ་གྲོས་མཐུན་བཀོད་དེ། ཁ་ཚིག་དྲག་པོས་སི་རི་ཡཱའི་མངའ་ཁོངས་སུ་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པར་རྒོལ་གཏམ་དྲག་པོ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ནན་གྱིས་བསྟན་དོན། ངེས་པར་དུ་རྫས་འགྱུར་མཚོན་ཆ་བཀོལ་མཁན་དག་ཁྲིམས་ལ་སྦྱོར་དགོས་པར་མ་ཟད། སི་རི་ཡཱའི་ཕྱོགས་ཁག་སོ་སོས་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་རྟོག་ཞིབ་ཚོགས་པའི་བར་མཉམ་ལས་བྱེད་དགོས་པའི་རེ་བ་བཏོན།

ད་ལོའི་ཟླ་གཉིས་པའི་ཟླ་མགོར། རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱིས་རྩ་འཛུགས་རང་གི་རྟོག་ཞིབ་ཚོགས་ཁག་གིས་བཏོན་པའི་སི་རི་ཡཱའི་མངའ་ཁོངས་སུ་ལུའུ་རླངས་དེ་མཚོན་ཆར་བྱས་ཏེ་ཡང་དང་བསྐྱར་དུ་གོ་རིམ་ལྡན་པར་བེད་སྤྱོད་བྱེད་བཞིན་པའི་སྡོམ་ཚིག་དེར་སེམས་ཁུར་བྱེད་པའི་ཚུལ་བསྟན། ཡིན་ཡང་རྟོག་ཞིབ་ཚོགས་པས་སུས་རྫས་འགྱུར་མཚོན་ཆ་དེའི་བེད་སྤྱོད་ལ་འགན་ཁུར་དགོས་པ་གསལ་བོར་བཤད་མེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།