ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ལས་དོན་ཁང་གིས་ཚེས་བརྒྱད་ཉིན་ཉིག་ཡོ་གྲོང་ཁྱེར་ནས་མི་སྟོང་ལྷག་གི་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ། རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ཁྲོམ་སྐོར་བྱ་འགུལ་ལ་ཞུགས་པར་མ་ཟད་ཕོ་མོ་འདྲ་མཉམ་དང་བུད་མེད་ལ་དབང་ཆ་སྟེར་བར་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་ཝུན་གྱིས་བྱ་འགུལ་ལ་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་བུད་མེད་ཀྱི་མི་མངོན་པའི་སྦས་ཤུགས་ལ་བརྩི་འཇོག་དང་བེད་སྤྱོད་གང་ལེགས་བྱས་ཏེ། སྔར་ལས་ལྷག་པའི་འཛམ་གླིང་ཞིག་གསར་བསྐྲུན་བྱས་ནས། མི་ཚང་མར་ལ་རྒྱ་ལྡན་དུ་འཇུག་དགོས་ཟེར། ཁོས་བུད་མེད་དག་འཛམ་གླིང་ཡོངས་ཀྱི་མདུན་གྲལ་དུ་སྡོད་ཅིང་སྲོག་ཤིང་དུ་འགྱུར་དགོས་པའི་འབོད་སྐུལ་བཏང་།

ཁྲོམ་སྐོར་བྱ་འགུལ་ལ་ཞུགས་པའི་མཐོ་འབྲིང་སློབ་མ་ལོ་སཱ་ནོའུ་ཡིས་གསར་འགོད་པར་བཤད་རྒྱུར། ཁོ་དང་སློབ་གྲོགས་ཚོ་རང་འགུལ་གྱིས་ཐེངས་འདིའི་ཁྲོམ་སྐོར་བྱ་འགུལ་ལ་ཞུགས་པ་ཡིན། ཁོས་བལྟས་ན་ན་གཞོན་ཡིན་པའི་ཆ་ནས་ཕོ་མོ་འདྲ་མཉམ་ལ་རྒྱབ་སྐྱོར་བྱས་ཏེ་ལག་ལེན་དུ་བསྟར་དགོས་པར་བསམ་ཡོད་ཟེར།

སཱ་མཱ་ཁའེ་ཞེས་པའི་བུད་མེད་ཅིག་གིས་རང་གི་བུ་མོ་ཁྲིད་ནས་ཁྲོམ་སྐོར་བྱ་འགུལ་ལ་ཞུགས་ཡོད། ཁོ་མོས་བཤད་རྒྱུར། ངའི་རེ་བ་ཡིན་ན་ཁོ་མོ་ཚོར་ཆུང་དུས་ནས་བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཆགས་སུ་འཇུག་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།