ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལིང་གི་ཙུང་ཐུང་དང་ཕྱི་འབྲེལ་བློན་ཆེན་གྱིས་ཉེ་སྔོན་བསྟན་དོན། རྒྱལ་ཁབ་དེས་ས་ཁོངས་རང་གི་རྒྱལ་ཁབ་བར་མཉམ་ལས་བྱས་ཏེ་ཐལ་སྤྱོད་རིང་ལུགས་དང་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་ཟེར། ཏི་ཧེ་ལན་དུ་འཚམས་འདྲིར་ཡོང་བའི་ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་བཤད་རྒྱུར། དབྱི་ལིང་གིས་ངེས་པར་དུ་སྔོན་ལ་རྒྱལ་ཁབ་ཉེར་གཉིས་ཀྱིས་གྲུབ་པའི་ཨ་རབ་མནའ་འབྲེལ་དང་གྲོས་མོལ་བྱེད་དགོས་ཟེར།

བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་དང་ཕྱི་འབྲེལ་བློན་ཆེན་གྱིས་ཚེས་བདུན་ཉིན་འཚམས་འདྲིར་ཡོང་བའི་ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་ལ་དབྱི་ལིང་གི་ལངས་ཕྱོགས་གསལ་བོར་བསྟན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་བཤད་རྒྱུར། ང་ཚོས་ངེས་པར་དུ་གྲོས་མོལ་དང་མཉམ་ལས་ལ་བརྟེན་ནས། ས་ཁོངས་རང་གི་རྒྱལ་ཁབ་དག་དང་མཉམ་དུ་ཐལ་སྤྱོད་རིང་ལུགས་དང་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་ཟེར།

དོན་དེའི་ཐད་ནས་ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་ཏཱ་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། བརྟན་འཇགས་མིན་པ་དང་། དྲག་ཤུགས། ཐལ་སྤྱོད་རིང་ལུགས་བཅས་ས་ཁོངས་འདི་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཡོད། ང་ཚོས་བལྟས་ན་དབྱི་སི་ལན་གྱི་རྒྱལ་ཁབ་དག་གིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་དབྱི་ལིང་དང་མཉམ་དུ་ས་ཁོངས་གནད་དོན་ཐད་ནས་གྲོས་མོལ་བྱེད་དགོས་པར་འདོད་ཡོད་ཟེར།

བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཀྲུའུ་ཏཱ་དང་གྲོས་མོལ་བྱེད་སྐབས་ས་ཁོངས་མཉམ་ལས་ཀྱི་གལ་ཆེན་རང་བཞིན་ནན་བཤད་བྱས་པར་མ་ཟད། འཇིགས་སྐུལ་རིང་ལུགས་དེ་ཐུན་མོང་གི་གནད་དོན་ཞིག་ཏུ་གྱུར་ཡོད་ལ། མི་ཚང་མའི་བདེ་འཇགས་ལ་འཇིགས་ཉེན་བཟོ་བཞིན་ཡོད་ཟེར།

ལུའུ་ཧཱ་ནེ་ཡིས་གྲོས་མོལ་བྱེད་སྐབས་ཀྲུའུ་ཏཱ་ལ་བཤད་རྒྱུར། ས་ཁོངས་རང་གི་རྒྱལ་ཁབ་དག་གིས་ངེས་པར་དུ་ཕན་ཚུན་རོགས་རམ་བྱེད་དགོས། རྒྱལ་ཁབ་ཚང་མས་ངེས་པར་དུ་སེམས་ཤུགས་ཆེན་པོ་བཏོན་ན་ས་ཁོངས་རང་ལ་ད་གཟོད་བདེ་འཇགས་དང་བརྟན་འཇགས་ཀྱི་གནས་བབ་འབྱུང་སྲིད་ཟེར།

ཀྲ་ལི་ཧྥུའུ་ཡིས་ཀྱང་ཉེ་སྔོན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་རིང་ལུགས་རྩ་འཛུགས་ཀྱིས་ཉིས་སྟོང་བཅོ་ལྔ་ལོའི་ལོ་མགོར་ཅོར་ཏན་གྱི་གནམ་གྲུའི་ཁ་ལོ་བ་དམར་གསོད་བཏང་བའི་ཡ་ང་བའི་འཇིགས་སྐུལ་བྱ་སྤྱོད་དེ་རིགས་ནི་ཀུན་གྱིས་དང་ལེན་བྱེད་ཐབས་མེད་པ་ཞིག་རེད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།