ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་རག་དམག་དཔུང་གིས་ཚེས་བརྒྱད་ཉིན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དང་འཁྲུག་རྩོད་དྲག་པོ་བྱས་རྗེས་དབྱི་རག་བྱང་ཕྱོགས་ས་ཁུལ་གྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་ཨ་ཨར་པུའུ་ཨ་ཅི་ལེ་གྲོང་ཁྱེར་ཕྱིར་འཕྲོག་ལེན་བྱས་ཟེར།

དབྱི་རག་བདེ་འཇགས་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། དབྱི་རག་མཁའ་དམག་དང་ས་ཁོངས་འཁྲབ་ལྡན་འཁོར་ལོའི་དམག་དཔུང་གིས་ཉིན་དེར་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཐིས་ཁི་ལི་ཐི་དང་ཉེ་བའི་ཨ་ཨར་པུའུ་ཨ་ཅི་ལེ་གྲོང་ཁྱེར་ལ་འགས་གཏོར་བཏང་། དབྱི་རག་གི་ས་ངོས་དམག་དཔུང་དང་ཞོང་ནེ་ཕྱོགས་ཁག་དང་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་གིས་དེའི་རྗེས་སུ་གྲོང་ཁྱེར་དེ་ཕྱིར་འཕྲོག་ལེན་བྱས། མིག་སྔར་ས་ཁུལ་མང་ཆེ་བ་ཕྱིར་བླངས་ཡོད་ཀྱང་། གྲོང་ཁྱེར་དེའི་ནུབ་ཕྱོགས་ས་ཁུལ་སྔར་བཞིན་ཐལ་སྤྱོད་ཉེས་ཅན་གྱིས་བཙན་བཟུང་བྱས་ཡོད་ལ། ཕྱོགས་གཉིས་ཀྱིས་སྔར་བཞིན་འཁྲུག་རྩོད་དྲག་པོ་བྱེད་བཞིན་ཡོད་ཟེར།

དཔོན་རིགས་དེས་བཤད་རྒྱུར། ཨ་ཨར་པུའུ་ཨ་ཅི་ལེ་གྲོང་ཁྱེར་གྱི་འཐབ་འཁྲུག་མཇུག་སྒྲིལ་རྗེས་དབྱི་རག་དམག་དཔུང་གིས་མུ་མཐུད་དུ་དེའི་ཉེ་འཁོར་གྱི་ཨ་ལཱ་མུའུ་གྲོང་ཁྱེར་ལ་དཔུང་འཇུག་བྱེད་རྩིས་ཡོད། ཨ་ལཱ་མུའུ་གྲོང་ཁྱེར་ཕྱིར་བླངས་རྗེས་དབྱི་རག་དམག་དཔུང་གིས་ཐིས་ཁི་ལི་ཐི་གྲོང་ཁྱེར་གྱི་ས་ཁུལ་མང་ཆེ་བའི་འཕྲོག་ལེན་བྱ་བ་མཇུག་རྫོགས་པ་ཡིན་ལ། ཐིས་ཁི་ལི་ཐི་གྲོང་ཁྱེར་ཕྱིར་ལེན་པའི་འཐབ་འཁྲུག་རྒྱག་པ་དེའང་དུས་ཚོད་ཀྱི་གནད་དོན་ཙམ་ཡིན་ཟེར།

དཔོན་རིགས་དེས་བཤད་རྒྱུར། ཨ་ཨར་པུའུ་ཨ་ཅི་ལེ་གྲོང་ཁྱེར་དུ་འཚོ་སྡོད་བྱེད་པའི་ས་དེའི་དམངས་དམག་མང་བོ་ཞིག་དེའི་སྔོན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ནང་ཞུགས་ཡོད་པ་དང་། གྲོང་ཁྱེར་དེ་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་རྟེན་གཞི་གལ་ཆེན་ཞིག་ཏུ་སེམས་བཞིན་ཡོད།

དཔོན་རིགས་དེས་བཤད་རྒྱུར། དབྱི་རག་དམག་དཔུང་ཁག་ཅིག་ཉིན་དེར་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་སཱ་མེད་ལཱ་གྲོང་ཁྱེར་བྱང་ཕྱོགས་ཀྱི་གཞུང་ལམ་གཙོ་བོ་བརྒྱུད་སྐབས་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་དབྱི་རག་གི་དམག་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སོ་གཅིག་ལ་རྨས་ཕོག དེ་ལས་གཞན་དབྱི་རག་མཁའ་དམག་གིས་ཨ་ལཱ་མུའུ་གྲོང་ཁྱེར་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་ཉེས་ཅན་ལ་འགས་གཏོར་བཏང་ནས་ཉུང་མཐར་ཡང་ཐལ་སྤྱོད་ཉེས་ཅན་བརྒྱད་བསད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།