ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁཱ་ཐར་དུ་འཚམས་འདྲི་བྱེད་བཞིན་པའི་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་ཚེས་བརྒྱད་ཉིན་ཁཱ་ཐར་གྱི་མགོ་ཁྲིད་པ་ཨ་ལེ་སཱ་ནེ་དང་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལས་དོན་ཐད་ལ་གྲོས་བསྡུར་བྱས།

བསྒྲགས་པ་ལྟར་ན། ཕེའོ་ཅིན་ཧོས་ཀྱིས་གྲོས་མོལ་བྱེད་སྐབས་ཁཱ་ཐར་གྱིས་ཉིས་སྟོང་ཉེར་གཉིས་ལོའི་འཛམ་གླིང་རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྤེལ་བའི་དོན་དག་གླེང་བ་དང་། ཁཱ་ཐར་ཕྱོགས་ཀྱིས་གོ་སྐབས་སྣ་ཚོགས་འདོན་སྤྲོད་བྱས་ཏེ། ཧན་གོའི་ཁེ་ལས་མང་བོ་འཛམ་གླིང་རྟགས་མའི་རྐང་རྩེད་སྤོ་ལོའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བཟོ་སྐྲུན་ནང་ཞུགས་སུ་འཇུག་དགོས་པའི་རེ་བ་བཏོན། ཁཱ་ཐར་གྱིས་རིན་ཐང་མེ་སྒོར་ཁྲག་ཁྲིག་གཅིག་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་པའི་འཆར་གཞི་ཡོད་པ་དང་། དེའི་ནང་ཧན་གོའི་ཁེ་ལས་ཞུགས་པའི་ལས་གཞི་ལ་ལྕགས་ལམ་འཛུགས་སྐྲུན་ལས་གཞི་དང་། གཞུང་ལམ་དང་བཙོག་ཆུ་འདྲེན་སའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི། འཛམ་གླིང་རྟགས་མའི་རྐང་རྩེད་སྤོ་ལོའི་ར་བའི་འཛུགས་སྐྲུན་ལས་གཞི་སོགས་འདུས།

གྲོས་མོལ་བྱས་རྗེས་རྒྱལ་ཁབ་གཉིས་ཀྱིས་བཟོད་སྒོམ་བརྗེད་ཐོ་སྣ་བཞི་བཀོད་པ་དང་། དེའི་ནང་ཉིང་རྡུལ་ནུས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་གསར་སྤེལ་མཉམ་ལས་དང་། ཕྱི་འབྲེལ་དཔོན་པོའི་གསོ་སྦྱོང་། གནས་སྐོར་མཉམ་ལས། སློབ་གསོའི་མཉམ་ལས་སོགས་འདུས། ཧན་གོའི་སྲིད་གཞུང་གིས་བསྟན་དོན། བཟོད་སྒོམ་བརྗེད་ཐོ་དེ་བཀོད་རྗེས། རྒྱལ་ཁབ་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཉིང་རྡུལ་ནུས་པའི་ཤེས་ལྡན་མི་སྣའི་གསོ་སྐྱོང་དང་ནུས་ཁུངས་གསར་བའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་རེ་བས་ཁེངས་ཡོད་ཟེར།

ཉིན་དེར་ཕེའོ་ཅིན་ཧོས་ད་རུང་ཧན་གོ་དང་ཁཱ་ཐར་གྱི་ཚོང་དོན་གླེང་སྟེགས་ལ་ཞུགས་པར་མ་ཟད། གླེང་སྟེགས་ལ་ཞུགས་པའི་ཧན་གོ་དང་ཁཱ་ཐར་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པར་ཐུག་འཕྲད་བྱས། ཕེའོ་ཅིན་ཧོས་ཀྱིས་ཉིན་དེར་དབུས་ཤར་རྒྱལ་ཁབ་བཞིའི་འཚམས་འདྲི་མཇུག་སྒྲིལ་པ་དང་། ཚེས་དགུ་ཉིན་ཕྱིར་ཧན་གོར་ལོག་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།