1.jpg

   ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན། འཇར་པན་གྱི་ཏུང་ཅིན་ནས། འཚམས་འདྲིར་ཡོང་བའི་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་འཇར་པན་དམངས་གཙོ་ཏང་གི་འཐུས་མི་ཀང་ཐེན་ཁི་ཡེ་ཡིས་གྲོས་མོལ་བྱས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་དུ་འཚམས་འདྲི་བྱེད་བཞིན་པའི་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཅུ་ཉིན་རང་འགུལ་སྒོས་འདོད་སེལ་བུད་མེད་ཀྱི་གནད་དོན་གླེང་བ་དང་། འདོད་སེལ་བུད་མེད་ཀྱི་གནད་དོན་སོགས་ལོ་རྒྱུས་གནད་དོན་ཐག་གཅོད་གང་ལེགས་བྱེད་པ་དེ་འཇར་པན་གྱིས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འགྲིག་མཐུན་མངོན་འགྱུར་བྱེད་པར་གལ་འགངས་ཧ་ཅང་ཆེ་བ་དང་། འཇར་པན་གྱི་སྔ་མོ་ནས་འདོད་སེལ་བུད་མེད་སོགས་ལོ་རྒྱུས་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་པའི་སྐུལ་མ་བཏང་།

  མའོ་ཁི་ཨར་གྱིས་ཉིན་དེའི་སྔ་དྲོར་འཇར་པན་གྱི་སྲིད་དབང་བཟུང་མེད་པའི་དམངས་གཙོ་ཏང་གི་འཐུས་མི་ཀང་ཐེན་ཁི་ཡེ་དང་གྲོས་མོལ་བྱས། བསྒྲགས་པ་ལྟར་ན། སྐར་མ་བཞི་བཅུ་ཙམ་འགོར་བའི་གྲོས་མོལ་སྐབས་སྐར་མ་སུམ་ཅུའི་རིང་ལ་ལོ་རྒྱུས་ཀྱི་ངོས་འཛིན་གནད་དོན་གླེང་ཟེར། ཀང་ཐེན་ཁི་ཡེ་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། མའོ་ཁི་ཨར་གྱིས་རང་འགུལ་སྒོས་འདོད་སེལ་བུད་མེད་ཀྱི་གནད་དོན་གླེང་བ་དང་། འདོད་སེལ་བུད་མེད་ཀྱི་གནད་དོན་སོགས་ལོ་རྒྱུས་གནད་དོན་ཐག་གཅོད་གང་ལེགས་བྱེད་པ་དེ་འཇར་པན་གྱིས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འགྲིག་མཐུན་མངོན་འགྱུར་བྱེད་པར་གལ་འགངས་ཧ་ཅང་ཆེ་བར་འདོད་ཡོད་ཟེར།

  ཀང་ཐེན་ཁི་ཡེ་ཡིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ད་ལོ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་སྒྲིལ་ནས་ལོ་ངོ་བདུན་ཅུ་འགོར་བའི་ལོ་ཡིན་ཡང་། འཇར་པན་དང་ཀྲུང་གོ། ཧན་གོ་སོགས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འགྲིག་མཐུན་ད་རུང་ཐག་གཅོད་བྱས་མེད་ལ། འཇར་མན་གྱིས་འཐབ་འཁྲུག་རྗེས་སུ་ཇི་ལྟར་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འགྲིག་མཐུན་ཐག་གཅོད་བྱས་པར་རྒྱུས་ལོན་བྱེད་འདོད་ཡོད་ཟེར། མའོ་ཁི་ཨར་གྱིས་དོན་དེའི་ཐད་ནས་བཤད་རྒྱུར། ལོ་རྒྱུས་ཀྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་པ་དཔེ་མི་སྲིད་ཀྱང་། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་འདས་སོང་ལ་གདོང་གཏོད་དགོས་ཟེར།

མའོ་ཁི་ཨར་གྱིས་ཚེས་དགུ་ཉིན་ནས་ཚེས་བཅུའི་ཉིན་འཇར་པན་དུ་འཚམས་འདྲི་བྱས་པ་དང་། འཚམས་འདྲི་བྱེད་སྐབས་ཁོ་མོས་ཚོགས་ར་མང་བོ་ནས་ལོ་རྒྱུས་ལ་གདོང་གཏོད་དགོས་པ་ནན་བཤད་བྱས་ཤིང་། ལོ་རྒྱུས་ལ་གདོང་གཏོད་པ་དང་བཟོད་སྒོམ་གྱི་རྣམ་འགྱུར་ནི་རྒྱལ་ཁབ་བར་གྱི་འབྲེལ་བ་སླར་གསོ་བྱེད་པའི་གནད་འགག་ཡིན་པར་འདོད།

  མའོ་ཁི་ཨར་གྱིས་ལོ་རྒྱུས་གནད་དོན་གླེང་སྐབས་འདས་སོང་ལ་སྤྱི་བསྡོམས་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་ཚེས་བཅུའི་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨན་པའེ་ཅིན་སན་གྱི་ནེ་ཀི་ཡིས་འཇར་པན་གྱི་ལོ་རྒྱུས་རིམ་བྱོན་གྱི་ནེ་ཀིའི་ལངས་ཕྱོགས་རྒྱུན་འཛིན་བྱས་ཡོད་ཟེར། ཁོས་བཤད་རྒྱུར། འཇར་པན་གྱིས་སྔོན་ཆད་རྒྱལ་ཁབ་མང་བོ་དང་ཁྱད་པར་དུ་ཨེ་ཤ་ཡཱའི་རྒྱལ་ཁབ་སོ་སོའི་མི་རྣམས་ལ་གྱོང་གུད་དང་གནོད་པ་ཚབས་ཆེན་བཟོས་ཡོད། ངོས་ཟིན་དེ་ནི་ལོ་རྒྱུས་རིམ་བྱོན་གྱི་ནེ་ཀིར་མཚོན་ན་གཅིག་མཚུངས་ཡིན་ཟེར།

  འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་འཇར་པན་གྱིས་ཆ་རྐྱེན་མེད་པར་མགོ་སྒུར་ནས་ལོ་ངོ་བདུན་ཅུ་འགོར་བར་རྗེས་དྲན་བྱེད་པའི་ཉིན་མོར་གཏམ་བཤད་སྤེལ་བར་གྲ་སྒྲིག་བྱེད་བཞིན་ཡོད། སྐབས་ཐོག་དེར་འཇར་པན་གྱིས་ལྷག་བསམ་རྣམ་དག་གིས་ལོ་རྒྱུས་ལ་གདོང་གཏད་ནས་རང་གི་ཉེས་པ་ངོས་ཟིན་མིན་ལ་རྒྱལ་ཁབ་སོ་སོས་དོ་སྣང་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།