资料图:印度总理莫迪.jpg
རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱི་རྒྱུ་ཆའི་པར་རིས།

  རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་ཚེས་བཅུ་ཉིན་ནས་བཟུང་སེ་ཧྲིར་དང་མའོ་ལི་ཁྱིག་སི། སིང་ག་ལཱ་བཅས་རྒྱལ་ཁབ་ཏུ་དུས་ཡུན་ཉིན་ལྔའི་རིང་གི་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། ཧིན་རྡུ་རྒྱ་མཚོའི་ས་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་དེ་གསུམ་བར་གྱི་དམག་དོན་དང་དཔལ་འབྱོར་འབྲེལ་འདྲིས་རྒྱ་བསྐྱེད་པར་རེ་བ་བཅངས་ཡོད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པའི་གནས་ཚུལ་ལྟར་ན། མའོ་ཏིས་ཀྱི་ཐེངས་འདིའི་འགྲུལ་བཞུད་ནས་རྒྱལ་ཁབ་དེ་གསུམ་བར་རྒྱ་མཚོའི་བདེ་སྲུང་མཉམ་ལས་བྱེད་པའི་འཆར་གཞི་ཁྱབ་སྒྲོག་བྱེད་རྒྱུ་རེད། སེ་ཧྲིར་དུ་འཚམས་འདྲི་བྱེད་སྐབས། རྒྱལ་ཁབ་གཉིས་ཀྱིས་མཚོ་དོན་དང་ཕྱོགས་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་ཤུགས་སྣོན་བྱེད་རྒྱུ་རེད། རྒྱ་གར་དང་སེ་ཧྲིར་གྱིས་མིག་སྔར་འཕྲོད་བསྟེན་དང་སློབ་གསོ། རྒྱལ་སྲུང་། མཚོ་དོན་བདེ་འཇགས་བཅས་ཀྱི་ཁྱབ་ཁོངས་ནས་མཉམ་ལས་བྱེད་བཞིན་ཡོད། མའོ་ལི་ཁྱིག་སི་ལ་འཚམས་འདྲི་བྱེད་སྐབས། ཕྱོགས་གཉིས་ཀྱིས་མཚོ་ཐོག་དང་མཁའ་ལམ་གྱི་འགྲིམ་འགྲིལ་མཉམ་ལས་ལ་ཤུགས་སྣོན་པ་སོགས་ཀྱི་གྲོས་མཐུན་འགོད་རྒྱུ་རེད།

  སིང་ག་ལཱ་ནི་རྒྱལ་ཁབ་གསུམ་གྱི་འགྲུལ་བཞུད་ཀྱི་ཆེས་མཇུག་མཐའི་ས་ཚིགས་ཡིན་ལ་ཆེས་གལ་ཆེ་བའི་ས་ཚིགས་ཤིག་ཀྱང་རེད། ཚེས་བཅུ་གསུམ་ཉིན་མའོ་ཏིས་དང་སིང་ག་ལཱའི་ཙུང་ཐུང་ཞི་ལི་སེ་ནཱ་གཉིས་ཀྱིས་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་ཕྱོགས་གཉིས་ཀྱིས་གྲོས་མཐུན་རབ་དང་རིམ་པ་འགོད་ངེས་རེད།

  སིང་ག་ལཱ་རུ་འཚམས་འདྲི་བྱེད་པའི་ཉིན་དེར་མའོ་ཏིས་ཀྱིས་གདན་ཞུས་ལྟར་རྒྱལ་ཁབ་དེའི་རྒྱལ་ཚོགས་ནས་གཏམ་བཤད་སྤེལ་རྒྱུ་རེད། དེ་ནི་ལོ་ངོ་ཉེར་བརྒྱད་རིང་རྒྱ་གར་གྱི་ཙུང་ལི་ཡིས་ཐོག་དང་པོར་སིང་ག་ལཱ་རུ་འཚམས་འདྲི་བྱས་པ་ཡིན་ལ། སིང་ག་ལཱ་རྒྱལ་ཁབ་ནི་རྒྱ་གར་གྱི་ཧིན་རྡུ་རྒྱ་མཚོའི་ས་ཁུལ་གྱི་ཆེས་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་དང་གྲོགས་པོའི་རྒྱལ་ཁབ་ཆེས་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།