ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅེ་ཁིའི་རྒྱལ་སྲུང་བློན་ཆེན་སི་ཐི་ལོ་ཕུའུ་ནེ་ཚི་ཅི་ཡིས་བཤད་རྒྱུར། ཅེ་ཁིའི་སྲིད་གཞུང་གིས་ཚེས་དགུའི་ཉིན་དབྱི་རག་ཏུL-159རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དང་རྩལ་ཁྲིད་པའི་གནམ་གྲུ་བཅོ་ལྔ་ཕྱིར་འཚོང་བྱས་ཏེ། དབྱི་རག་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བར་རྒྱབ་སྐྱོར་བྱེད་པར་ཆོག་མཆན་བཀོད། ཁོས་སྨྱན་བྱད་གསར་འགོད་པར་བཤད་རྒྱུར། དེའི་ནང་གནམ་གྲུ་བཞི་ཅེ་ཁིའི་མཁའ་དམག་གིས་འདོན་སྤྲོད་བྱས་པ་དང་། དེའི་འཕྲོ་མ་བཅུ་གཅིག་ནི་མཛོད་ཁང་ནས་བླངས་པ་ཡིན་ལ། ཉོ་ཚོང་གི་སྤྱིའི་འབོར་གྲངས་ནི་མེ་སྒོར་བྱེ་བ་གསུམ་ཙམ་ཡིན་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། L-159རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ནི་ཅེ་ཁིའི་བོ་ཏའོ་ཁི་ཏིས་གནམ་གྲུའི་ཀུང་ཟིས་བཟོ་སྐྲུན་བྱས་པ་དང་། བར་སྣང་དང་ས་ངོས་ནས་བཀོལ་བའི་འཕུར་མདའ་སྒྲིག་སྦྱོར་བྱས་ཡོད། གནམ་གྲུ་བཅོ་ལྔ་བོའི་ནང་མི་གཅིག་ཅན་བཅུ་གསུམ་ཡོད་པ་དང་། གནམ་གྲུ་གཉིས་ལ་མི་གཉིས་སྡོད་ས་ཡོད། ཉིས་སྟོང་བཅུ་གཉིས་ལོར་དབྱི་རག་གིས་ཅེ་ཁི་ནས་རྟགས་དེ་ཅན་གྱི་གནམ་གྲུ་ཉེར་བརྒྱད་ཉོ་བར་འཚོལ་ཞིབ་བྱས་པ་དང་། ཕྱོགས་གཉིས་ཀྱིས་གན་རྒྱ་བཀོད་ཀྱང་ལག་བསྟར་བྱེད་ཐུབ་མེད། ན་ནིང་ཅེ་ཁི་ཡིས་དབྱི་རག་གི་ཁུའུ་ཨར་ཏི་དྲག་ཆས་པར་རིན་ཐང་ཡོ་རོབ་གླིང་གི་སྒོར་མོ་ས་ཡ་གཅིག་དང་འབུམ་ལྔ་ཡིན་པའི་དམག་ཆས་འདོན་སྤྲོད་བྱས་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་པར་ཆམ་ཕབ་གཏོང་དུ་བཅུག་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།