ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་འཇར་པན་གྱི་ཀུང་ཁྲིན་རྫོང་མེན་ཆིས་གྲོང་ཁྱེར་ནས། མང་ཚོགས་ཀྱིས་དམའ་འབྲིང་ཞིག་ནས་ཤོག་སྒྲོན་བསྒྲོན་ནས་ལོ་ངོ་བཞིའི་སྔོན་མི་ཁྲི་གིས་ཙམ་རྐྱེན་ལམ་དུ་ཤོར་བའི་ས་འགུལ་ཆེན་མོར་རྗེས་དྲན་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནོད་འགོག་གནོད་སེལ་གཞུང་སྒྲུབ་ཁང་གི་འགན་ཁུར་བ་ཝ་ཨར་སི་ཐི་ལོན་གྱིས་ཚེས་བཅུ་གཅིག་ཉིན་འཇར་པན་ཏུང་ཅིན་ནས་སྤེལ་བའི་འཇར་པན་ཤར་ཕྱོགས་ཀྱི་ས་འགུལ་ཆེན་མོ་དང་རྒྱ་མཚོ་འཕྱུར་བའི་གནོད་འཚེ་བྱུང་ནས་ལོ་ངོ་བཞི་འགོར་བའི་རྗེས་དྲན་བྱ་འགུལ་སྟེང་ཞུ་ཚིག་ཕུལ་ཏེ་བསྟན་དོན། ལོ་ངོ་བཞིའི་སྔོན་བྱུང་བའི་གནོད་འཚེ་ལས་མི་རྣམས་ཀྱིས་སྔར་ལས་ལྷག་པའི་སྙིང་སྟོབས་ཀྱིས་གནོད་འགོག་གནད་དོན་ཐག་གཅོད་བྱེད་དགོས་པར་སྐུལ་མ་ཐེབས་ཡོད་ལ། དེ་མི་རྣམས་ཀྱིས་གཟའ་འཁོར་འདིའི་གཟའ་མཇུག་ལ་ཞན་ཐེ་ནས་སྤེལ་རྒྱུ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནོད་སེལ་ཚོགས་ཆེན་སྐབས་གསུམ་པའི་སྟེང་བྱེད་ནུས་ཆེ་བའི་གནོད་སེལ་གནོད་འགོག་གི་གྲོས་མཐུན་གསར་བ་ཞིག་འགོད་པར་ཕན་ཐོགས་ཡོད་ཟེར།

ཝ་ཨར་སི་ཐི་ལོན་གྱིས་བསྟན་དོན། ལོ་ངོ་བཅུའི་སྔོན་ཧིན་རྡུ་ཉི་ཞི་ཡཱའི་རྒྱ་མཚོ་འཕྱུར་བའི་གནོད་འཚེ་བྱུང་རྗེས་ཀྱི་གཟའ་འཁོར་འགའི་རྗེས་སུ། འཇར་པན་གྱི་ཧྲིན་ཧུའུ་ནས་འཛམ་གླིང་གནོད་སེལ་ཚོས་ཆེན་སྐབས་གཉིས་པ་བསྡུས་ཏེ་པེན་ཁུའུ་འགུལ་སྐྱོད་སྒྲོམ་གཞིའི་གྲོས་མཐུན་ལ་ཆོག་མཆན་བཀོད། ལོ་གསུམ་གྱི་སྔོན་ལ་འཇར་པན་གྱི་ཤར་ཕྱོགས་ས་ཁུལ་དུ་ས་འགུལ་དང་རྒྱ་མཚོ་འཕྱུར་བའི་གནོད་འཚེ་བྱུང་བར་རྗེས་དྲན་བྱེད་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནོད་སེལ་དོ་དམ་གྲོས་མཐུན་གསར་བ་གཏན་འབེབ་བྱེད་པའི་གྲོས་མོལ་འཕེལ་རིམ་ལག་བསྟར་བྱེད་མགོ་བརྩམས། འདས་པའི་ལོ་ངོ་བཅུའི་ནང་གནོད་འཚེ་དབང་གིས་ཚེ་སྲོག་ཤོར་བའི་མི་རྣམས་ལ་མཚོན་ནས་བརྗོད་ན། གཟའ་འཁོར་འདིའི་གཟའ་མཇུག་ཞན་ཐེ་ནས་གནོད་སེལ་གྲོས་མཐུན་གསར་བ་ཞིག་འགོད་པ་ནི་སེམས་གསོ་ཙམ་ཡིན་ཟེར།

ཝ་ཨར་སི་ཐི་ལོན་གྱིས་བསྟན་དོན། མི་འགྱངས་པར་གྲོས་འཆམ་འབྱུང་རྒྱུ་ཡིན་པའི་གྲོས་གཞིའི་གྲོས་མཐུན་གསར་བའི་གཙོ་གནད་ཅིག་ནི་བྱེད་ཐབས་སྤྱད་དེ་ད་ཡོད་ཀྱི་ཉེན་ཁའི་ཆུ་ཚད་ཇེ་དམའ་རུ་གཏོང་བ་དང་ཉེན་ཁ་གསར་དུ་བཟོ་བར་སྔོན་འགོག་བྱས་ནས་ཚེ་སྲོག་དང་དཔལ་འབྱོར་གྱི་གྱོང་གུད་ཇེ་ཉུང་དུ་གཏོང་བའི་དམིགས་ཡུལ་དུ་བསླེབ་པར་བྱེད་པ་དེ་ཡིན། དེ་ལས་གཞན་སྒྲོམ་གཞིའི་གྲོས་མཐུན་གསར་བ་ལས་ད་རུང་དབུལ་ཕོངས་དང་ནམ་ཟླའི་འགྱུར་ལྡོག སྐྱེ་ཁམས་མ་ལག་ཉམས་ཞན་དུ་གྱུར་བ། ལུགས་དང་མི་མཐུན་པའི་གྲོང་ཁྱེར་གྱི་འཆར་འགོད། ས་ཞིང་གི་བེད་སྤྱོད། ཉེན་ཁའི་བཅོས་སྐྱོང་སོགས་ཉེན་ཁའི་གནད་དོན་གཙོ་བོ་ཐག་གཅོད་བྱེད་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་གནོད་སེལ་ཚོགས་ཆེན་སྐབས་གསུམ་པ་དེ་ཟླ་གསུམ་པའི་ཚེས་བཅུ་བཞིའི་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་འཇར་པན་གྱི་ཞན་ཐེ་ནས་སྤེལ་རྒྱུ་ཡིན་པ་དང་། སྐབས་ཐོག་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རེ་འགའ་གྲོས་ཚོགས་ལ་ཞུགས་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།