ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་ཚེས་བཅུ་ཉིན་ཏུང་ཅིན་གྱི་འགས་གཏོར་ཆེན་མོ་བྱུང་ནས་ལོ་ངོ་བདུན་ཅུ་འགོར་བའི་རྗེས་དྲན་བྱ་འགུལ་ལ་ཞུགས་པ་དང་། འཇར་པན་ནི་འཐབ་འཁྲུག་གི་གནོད་ཐེབས་མཁན་ཡིན་པ་ནན་བཤད་བྱས། གཅིག་སྟོང་དགུ་བརྒྱ་ཞེ་ལྔ་ལོའི་ཟླ་གསུམ་པའི་ཚེས་བཅུ་ཉིན། ཨ་མེ་རི་ཁའི་དམག་དཔུང་གིས་ཏུང་ཅིན་དུ་གཞི་རྒྱ་ཆེ་བའི་འགས་གཏོར་བྱས་ཏེ་མི་འབུམ་གཅིག་ཙམ་རྐྱེན་ལམ་དུ་ཤོར་བ་རེད།

ཨན་པའེ་ཅིན་སན་གྱིས་བྱ་འགུལ་སྟེང་བཤད་རྒྱུར། འཇར་པན་གྱིས་ཡིད་སྐྱོ་བའི་འཐབ་འཁྲུག་གི་བསླབ་བྱ་སེམས་སུ་དམ་པོར་བཅངས་ཡོད་པ་དང་། གང་ནུས་ཀྱིས་འཛམ་གླིང་ཡུན་རིང་ཞི་བདེ་ཡོང་བར་བྱས་རྗེས་འཇོག་ངེས་ཡིན་ཟེར། 

 བསྒྲགས་པའི་གནས་ཚུལ་ལྟར་ན། ལོ་ངོ་བདུན་ཅུ་འགོར་བའི་རྗེས་སུ་འཇར་པན་གྱི་ཏུང་ཅིན་དུར་ཁང་ནས་མི་དྲུག་བརྒྱ་ཙམ་ཞུགས་པའི་ཆོས་ལུགས་ཆོ་ག་སྤེལ།

གཅིག་སྟོང་དགུ་བརྒྱ་ཉེར་གསུམ་ལོའི་ཀོན་ཏུང་ས་འགུལ་ཆེན་མོ་དང་གཅིག་སྟོང་དགུ་བརྒྱ་ཞེ་ལྔ་ལོའི་ཏུང་ཅིན་འགས་གཏོར་ཆེན་མོའི་འདས་པོའི་ཁྲོད། བེམ་པོ་འབུམ་གཅིག་དང་ཁྲི་དྲུག་སྟོང་གསུམ་ཙམ་གྱི་ཐོབ་ཐང་གསལ་བོར་མ་ཤེས་སྟབས་གཉེན་ཉེ་ལ་སྤྲོད་ཐབས་མ་བྱུང་བས་ཏུང་ཅིན་མའོ་ཐེན་ས་ཁུལ་གྱི་ཏུང་ཅིན་དུར་ཁང་དུ་བཞག་ཡོད་པ་རེད།

དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་བྱ་འགུལ་ལ་ཞུགས་ཏེ་གཏམ་བཤད་སྤེལ། ཁོས་ཁེངས་སྐྱུང་སྒོས་ལོ་རྒྱུས་དང་ལེན་བྱེད་དགོས་པ་དང་། འཛམ་གླིང་གི་ཡུན་རིང་བརྟན་འཇགས་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ཨན་པའེ་ཅིན་སན་གྱིས་ཏུང་ཅིན་འགས་གཏོར་ཆེན་མོ་བྱུང་ནས་ལོ་ངོ་བདུན་ཅུ་འགོར་བར་མྱ་ངན་ཞུ་བའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། བཙན་འཛུལ་ལོ་རྒྱུས་ཁས་ལེན་མིན་མ་གླེང་བར་འཐབ་འཁྲུག་གནོད་པ་བརྗེད་མི་སྲིད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།