ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དུས་ཡུན་རིང་བོར་བསམ་བློ་བཏང་རྗེས་ཨུ་རི་སིའི་ཟླ་ལྔ་བའི་ཚེས་དགུ་ཉིན་སྤེལ་རྒྱུ་ཡིན་པའི་འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ་ངོ་བདུན་ཅུ་འགོར་བར་རྗེས་དྲན་བྱེད་པའི་དམག་གཟིགས་མཛད་སྒོ་ཆེན་མོར་ཞུགས་རྒྱུ་མིན་པ་ཐག་བཅད།

འབྲེལ་ཡོད་མི་སྣས་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ན་ནིང་ནས་མའོ་ཁི་ཨར་དམག་གཟིགས་མཛད་སྒོར་ཞུགས་པར་གདན་ཞུ་བྱས་ཡོད་ཀྱང་། མའོ་ཁི་ཨར་མི་ཞུགས་པའི་རྒྱུ་རྐྱེན་ནི་ཨུ་རུ་སིའི་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཁྲོད་ཀྱི་གོ་གནས་དབང་གིས་ཡིན་པ་དང་། ཨུ་རུ་སིའི་རྒྱལ་ཁའི་ཉིན་མོའི་དམག་གཟིགས་མཛད་སྒོར་ཞུགས་པ་ནི་ཝུའུ་ཁི་ལན་སྲིད་གཞུང་ལ་བརྙས་དམོད་བྱེད་པའི་བྱ་སྤྱོད་ཅིག་རེད་ཟེར། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ནམ་རྒྱུན་ཨུ་རུ་སི་ཡིས་དམག་མི་དང་མཚོན་ཆ་མངག་ནས་ཝུའུ་ཁི་ལན་གྱི་ཁ་བྲལ་ཉེས་ཅན་ལ་རྒྱབ་སྐྱོར་བྱས་པར་སྐྱོན་འཛུགས་བྱས་ཀྱང་། ཨུ་རུ་སིའི་སྲིད་གཞུང་གིས་དོན་དེ་ཁས་ལེན་བྱེད་ཀྱིན་མེད།

ཨུ་རུ་སིའི་དམར་ཐང་ནས་རྒྱལ་ཁའི་ཉིན་མོའི་དམག་གཟིགས་མཛད་སྒོ་སྤེལ་བ་ནི་སྲོལ་རྒྱུན་གྱི་བྱ་འགུལ་ཞིག་ཡིན་པ་དང་། སྤྱིར་བཏང་གི་གནས་ཚུལ་འོག་ཕྱི་རྒྱལ་གྱི་མགོ་ཁྲིད་པ་མང་བོ་ཞུགས་པ་རེད། ཉིས་སྟོང་ལྔ་ལོར་ཧྲི་ལོ་ཏི་ནི་ཐོག་དང་པོར་བྱ་འགུལ་དེར་ཞུགས་པའི་འཇར་མན་གྱི་ཙུང་ལི་རུ་གྱུར་བ་རེད། ཉིས་སྟོང་བཅུ་ལོར་མའོ་ཁི་ཨར་ཡང་བྱ་འགུལ་དེར་ཞུགས་མྱོང་།

འཇར་པན་གསར་འགྱུར་ལས་རིགས་ཀྱིས་བཤད་རྒྱུུར། དོན་དེའི་ཤུགས་རྐྱེན་ཇེ་ཆེར་འགྲོ་བར་སྔོན་འགོག་བྱེད་ཆེད། མའོ་ཁི་ཨར་གྱིས་ནམ་རྒྱུན་དོན་དེ་ཐག་གཅོད་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱེད་བཞིན་ཡོད། ཁོ་མོ་ཟླ་ལྔ་བའི་ཚེས་བཅུ་ཉིན་མའོ་སི་ཁི་རུ་སོང་ནས། ཕུའུ་ཅིན་དང་མཉམ་དུ་ཁི་ལི་མུའུ་ལིན་ཕོ་བྲང་ཕྱི་རོལ་གྱི་མཚན་མིང་མེད་པའི་སྔོན་གཤེགས་དཔའ་བོའི་བང་སོར་གུས་ཕྱག་ཕུལ་ནས་རྒྱལ་ཁབ་གཉིས་ཀྱི་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཐུན་མོང་གི་དྲན་འཛིན་དུ་བྱེད་རྒྱུ་ཐག་བཅད་ཡོད། མའོ་ཁི་ཨར་གྱིས་དོན་དེའི་ཐད་ནས་ཕུའུ་ཅིན་ལ་ཁ་པར་ལམ་ནས་འབྲེལ་འདྲིས་བྱས་པ་དང་། ཕུའུ་ཅིན་གྱིས་འཐད་པ་ཡིན་པའི་ཚུལ་བསྟན་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།