ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་དམག་ཕྱོགས་ཀྱི་མགྲིན་ཚབ་པས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་གྱེན་འཕུར་གནམ་གྲུ་ཞིག་གིས་ཧྥོ་ལོ་ལི་ཏཱ་ཀྲིག་ནས་སྦྱོང་བརྡར་བྱེད་སྐབས་སར་ལྷུང་བ་དང་། མཚོ་དམག་སྐམ་འཐབ་རུ་ཁག་གི་དམག་མི་བདུན་དང་བཅས་པའི་མི་བཅུ་གཅིག་གར་སོང་མ་རྙེད།

ཧྥོ་ལོ་ལི་ཏཱ་ཀྲིག་ཕན་ཧན་ཏི་ཨར་གྲོང་ཁྱེར་གྱི་ཨེ་ཀི་ལིན་མཁའ་དམག་རྟེན་གཞིའི་མགྲིན་ཚབ་པ་པུའུ་ལན་གྱིས་བཤད་རྒྱུར། སར་ལྷུང་བའི་གནམ་གྲུ་དེ་ནིUH-60རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་ཞིག་ཡིན་པ་དང་། གྱེན་འཕུར་གནམ་གྲུ་དེ་ཚེས་བཅུ་ཉིན་གྱི་དགོང་མོར་ཉེ་འདབས་ཀྱི་ཏི་སི་ཐིན་གནམ་གྲུ་ཐང་ནས་འཕུར་ཏེ། གནམ་གྲུ་གཞན་པ་དང་མཉམ་དུ་རྒྱུན་སྲོལ་གྱི་མཚན་མོའི་སྦྱོང་བརྡར་ལ་ཞུགས་རྩིས་ཡོད་པ་རེད་ཟེར།

པུའུ་ལན་གྱིས་བཤད་རྒྱུར། ཨེ་ཀི་ལིན་མཁའ་དམག་རྟེན་གཞི་ལ་དགོང་མོའི་དུས་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་ཡས་མས་སུ་གནམ་གྲུ་གར་སོང་མ་རྙེད་པའི་སྙན་ཞུ་འབྱོར་བ་དང་། མྱུར་མོར་རྒུད་སྐྱོབ་མི་སྣ་མངག་གཏོང་བྱས་པ་རེད། ཚེས་བཅུ་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་གཉིས་ཡས་མས་སུ། རྒུད་སྐྱོབ་མི་སྣས་མཐའ་འཁོབ་ཀྱི་མཚོ་འགྲམ་ཞིག་ནས་གྱེན་འཕུར་གནམ་གྲུའི་ཆག་རོ་རྙེད་པ་རེད། གནམ་གྲུ་སར་ལྷུང་ས་ནི་ཏི་སི་ཐིན་དང་ཕིན་སཱ་ཁི་ལཱའི་བར་མཚམས་ས་ཁུལ་རེད་ཟེར།

ཚེས་བཅུ་གཅིག་ཉིན་གྱི་ཞོགས་པའི་བར་རྒུད་སྐྱོབ་མི་སྣས་གནམ་གྲུའི་སྟེང་གི་མི་བཅུ་གཅིག་པོ་གར་སོང་རྙེད་མེད།

ཨེ་ཀི་ལིན་མཁའ་དམག་རྟེན་གཞིའི་དཔོན་རིགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། གར་སོང་མ་རྙེད་པའི་མི་བཅུ་གཅིག་པའི་ཁྲོད་མི་བདུན་ནི་མཚོ་དམག་སྐམ་འཐབ་རུ་ཁག་གི་དམག་མི་ཡིན་པ་དང་ལེ་ཆུང་དམག་སྒར་ནས་ཡོང་བ་རེད། དམག་མི་གཞན་པ་བཞི་ནི་ལུའུ་དབྱེ་སི་ཨན་ནཱ་ཀྲིག་ཧཱ་མིན་ཏིའི་རྒྱལ་དམངས་ཉེན་སྲུང་རུ་ཁག་ནས་ཡོང་བ་རེད། དམག་ཕྱོགས་ཀྱིས་ཁོ་ཚོའི་གཉེན་ཉེ་ལ་བརྡ་བཏང་མེད་སྟབས་གར་སོང་མ་རྙེད་པའི་མི་སྣའི་མིང་ཐོ་མིག་སྔར་ད་རུང་ཁྱབ་སྒྲོག་བྱས་མེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།