ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་ཅི་སཱ་ཞིང་ཆེན་ནས་ཚེས་ཉེར་གཅིག་ཉིན་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ཆུ་རྐའི་ནང་ལྷུང་བའི་དོན་རྐྱེན་བྱུང་། ས་དེའི་འཕྲོད་བསྟེན་སྡེ་ཁག་གི་དཔོན་རིགས་ཀྱིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་ལྔར་རྨས་ཕོག་ཟེར།

རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། དོན་རྐྱེན་བྱུང་བའི་འགྲུལ་སྐྱེལ་རླངས་འཁོར་དེ་ཅི་སཱ་ནུབ་ཕྱོགས་ཀྱི་མཁར་མཐའི་གཞུང་ལམ་དུ་བགྲོད་སྐབས་སྐྱ་བ་གས་ནས་རླངས་འཁོར་ཁ་ལོ་བྱེད་ཐབས་བྲལ་ཏེ་ལམ་འགྲམ་གྱི་ཆུ་རྐའི་ནང་ལོག་པ་དང་། དོན་རྐྱེན་བྱུང་སྐབས་རླངས་འཁོར་སྟེང་ས་དེའི་ཀུང་ཟི་ཞིག་གི་ལས་བཟོ་བ་བཅུ་ཕྲག་འགའ་དྲུད་ཡོད་པ་རེད། མིག་སྔར་རྨས་མ་རྣམས་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད།

གསར་འགོད་པས་ཡུལ་དངོས་ནས་མཐོང་བ་ལྟར་ན། དོན་རྐྱེན་བྱུང་བའི་འགྲུལ་སྐྱེལ་རླངས་འཁོར་དེར་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པ་དང་། རྒུད་སྐྱོབ་མི་སྣས་འདེགས་འཁོར་བཀོལ་ནས་འགྲུལ་སྐྱེལ་རླངས་འཁོར་ཆུ་རྐ་ལས་ཕྱིར་བླངས་པ་དང་། ཆུ་འཛུལ་པས་ཆུའི་ནང་སྔོག་བཤེར་བྱས་ཏེ་ཆུར་ལྷུང་བའི་མི་ཡོད་མེད་འཚོལ་བཞིན་ཡོད་པ་རེད།

གཞུང་ལམ་འགྲིམ་འགྲུལ་སྒྲིག་ཆས་རྙིང་ཞན་ཡིན་པ་དང་། ཁ་ལོ་བའི་བདེ་འཇགས་འདུ་ཤེས་ཞན་པ་སོགས་རྒྱུ་རྐྱེན་དབང་གིས་ཨེ་ཅིབ་ཏུ་འགྲིམ་འགྲུལ་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྙན་ཞུ་ཞིག་ལས་གསལ་བ་ལྟར་ན། ཨེ་ཅིབ་ནས་ལོ་རེར་མི་ཁྲི་གཅིག་དང་སྟོང་གཉིས་ཙམ་འགྲིམ་འགྲུལ་དོན་རྐྱེན་ལས་ཚེ་སྲོག་ཤོར་བཞིན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།