ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་སྲིད་བློན་ཆེན་ཅི་ཞིན་ཀི་ཡིས་ཚེས་ཉེར་གཅིག་ཉིན་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཉིས་སྟོང་བཅོ་ལྔ་ལོའི་དཔལ་འབྱོར་མཐོ་རིམ་གྲོས་ཚོགས་ལ་ཞུགས་སྐབས་བཤད་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁས་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་མོའི་འབྲེལ་བ་འཛུགས་པར་གོ་སྐབས་ཡོད་པར་མ་ཟད་འགྲན་རྩོད་ཀྱང་ཡོད་པས། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ཀྱི་དགོས་གལ་རང་བཞིན་དང་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་ཟེར།

ཅི་ཞིན་ཀི་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་མོའི་འབྲེལ་བ་འཛུགས་པའི་གྲོས་གཞི་བཏོན་པ་དང་། དེ་ནི་འགྲན་ཡའི་བར་བཙུགས་པའི་རྒྱལ་ཁབ་ཆེན་མོའི་འབྲེལ་བ་ཞིག་རེད། དེང་སྐབས་ང་ཚོའི་ལས་འགན་ནི་རྒྱུན་ཆད་མེད་པར་མཚན་ཉིད་དེའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དེ་ཡིན་ཟེར།

ཅི་ཞིན་ཀི་ཡིས་བཤད་རྒྱུར། ང་ཚོའི་དུས་རབས་ཀྱི་ཁྱད་ཆོས་གསར་བ་ཞིག་ནི་ནམ་ཟླའི་འགྱུར་ལྡོག་དང་འཕྲོད་བསྟེན་ཐད་ཀྱི་ཉམས་ཉེན་རེ་འགའ་སོགས་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་དེ་མཉམ་ལས་ལ་བརྟེན་ན་ད་གཟོད་ཐག་གཅོད་བྱེད་པ་དེ་རེད། དེ་ནི་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་འཁྲུག་རྩོད་ལས་བརྒལ་ནས་རྒྱལ་སྤྱིའི་སྒྲིག་སྲོལ་རྣམ་པ་གསར་བ་ལག་བསྟར་བྱེད་པའི་སྒུལ་ཤུགས་ཀྱང་ཡིན་ཟེར།

ཅི་ཞིན་ཀི་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ལྷག་བསམ་རྣམ་དག་གི་རྣམ་འགྱུར་བཟུང་ནས་ཕ་རོལ་ལ་རང་ཉིད་ཀྱི་དམིགས་ཡུལ་དང་རྒྱལ་སྤྱིའི་སྒྲིག་སྲོལ་ཐད་ཀྱི་ལྟ་ཚུལ་གསལ་བཤད་བྱས་ཤིང་། འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པའི་འཐབ་ཇུས་ལ་མཉམ་དུ་གྲོས་བསྡུར་བྱེད་དགོས། དེ་ལྟར་བྱས་ན་ཕྱོགས་གཉི་ག་ད་གཟོད་ཉམས་ཉེན་གྱི་རྒྱ་རུ་ཚུད་མི་སྲིད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།