ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འབར་མའི་རྒྱལ་ཡོངས་འཁྲུག་རྩོད་མཚམས་འཇོག་པའི་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ནེ་ཧན་ཏཱ་ཡིས་ཚེས་ཉེར་གཅིག་ཉིན་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། འབར་མས་རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་ཐུབ་ན། ཀོ་ཀན་ས་ཁུལ་དུ་ཞི་བདེ་མངོན་འགྱུར་བྱེད་ཐུབ་ཟེར།

འབར་མ་སྲིད་གཞུང་གི་ཚབ་བྱེད་པའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཞི་བདེ་མངོན་འགྱུར་བྱ་བའི་ཨུ་ཡོན་ལྷན་ཁ་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་དྲག་ཆས་པའི་ཚབ་བྱེད་པའི་རྒྱལ་ཡོངས་འཁྲུག་རྩོད་མཚམས་འཇོག་པའི་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་བར་གྱི་རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་སྐོར་ཐེངས་བདུན་པ་ཚེས་བཅུ་བདུན་ཉིན་དབྱང་ཀོང་ནས་ཚོགས་མགོག་བརྩམས་པ་དང་། ཚོད་དཔག་བྱས་ན་སྐོར་ཐེངས་འདིའི་ཞི་བའི་གྲོས་མོལ་གྱི་ཡུན་ཚད་ནི་ཉིན་དྲུག་རེད།

ནེ་ཧན་ཏཱ་ཡིས་བཤད་རྒྱུར། ཀོ་ཀན་་མི་རིགས་དམངས་གཙོ་མནའ་མཐུན་དམག་ནི་རྒྱལ་ཡོངས་འཁྲུག་རྩོད་མཚམས་འཇོག་པའི་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡིན་པ་དང་། གལ་ཏེ་ཀོ་ཀན་ས་ཁུལ་གྱི་འཁྲུག་རྩོད་མཚམས་མ་བཞག་ན། གྲོས་མོལ་བྱེད་བཞིན་པའི་གྲོས་མཐུན་དེ་རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དུ་འགྱུར་མི་ཐུབ་ཟེར།

ཁོས་བཤད་རྒྱུར། སྐོར་ཐེངས་འདིའི་གྲོས་མོལ་མཇུག་སྒྲིལ་རྗེས། རྒྱལ་ཡོངས་འཁྲུག་རྩོད་མཚམས་འཇོག་པའི་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་དང་འབར་མ་སྲིད་གཞུང་གིས་ཀོ་ཀན་གྱི་གྲོས་གཞིའི་ཐད་ནས་ཆེད་དོན་གྲོས་བསྡུར་བྱས་ཏེ། རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་ཆེད་མུ་མཐུད་དུ་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འཆར་ཟིན་གྱི་གྲོས་མོལ་ཡོངས་འགྲུབ་བྱས་རྗེས། ཕྱོགས་སོ་སོས་རང་རང་གི་གོང་རིམ་ལ་གྲོས་མོལ་གྱི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་བྱེད་རྒྱུ་ཡིན་པ་དང་། རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་དུས་ཚོད་གཏན་འཁེལ་བྱས་ནས་དངོས་སུ་འགོད་རྒྱུ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།